དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གཞི་རིམ་དུ་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-23

    ཟླ་9ཚེས་19ཉིན་གྱི་སྔ་དྲོ། “སྒྲོན་མེ་གཅིག་སྤར་ནས་ཁྱིམ་ཚང་གཅིག་ལ་འོད་སྣང་སྦྱིན་པའི”བདེ་ཐང་ཤེས་བྱ་ས་མཐོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོ་ལི་ཐང་རྫོང་གེ་སར་ཐང་ཆེན་དུ་འཚོགས་པ་རེད།

    ཟླ་9ཚེས་19ཉིན་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཞིང་འབྲོག་པར་འོས་འགན་སྨན་བཅོས་བྱེད་བཞིན་པ།

    2023ལོའི་ཟླ་9ཚེས་19ཉིན། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“སྒྲོན་མེ་གཅིག་སྤར་ནས་ཁྱིམ་ཚང་གཅིག་ལ་འོད་སྣང་སྦྱིན་པའི”བདེ་ཐང་ཤེས་བྱ་ས་མཐོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྐབས་བརྒྱད་པ་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དུ་སྤེལ་བ་རེད།

    སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་སྨན་བཅོས་ཚན་པ་དགུ་ཡི་སྨན་བཅོས་རིགས་གཅིག་མཁས་ཅན་20ལྷག་ཙམ་གྱིས“སྨན་པ་དང་སྨན་གཡོག་ཆིག་ཁྲི་གཞི་རིམ་དུ་སྐྱོད་པའི་དང་བླངས་ཞབས་ཞུའི”བྱེད་སྒོ་སྤེལ་ཞིང་། རིགས་གཅིག་མཁས་ཅན་གྱིས་འོས་འགན་སྨན་བཅོས་དང་། ནད་ཐོག་དཔེ་སྟོན་སློབ་ཁྲིད། ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་སོགས་བརྒྱུད་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ལ་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་སྦྲགས། ཡ་རབས་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཡང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།