དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིམ་རྩིས་བྱས་ན་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་ཁྲི་7.7བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-22

     ཉིན་ཤས་གོང་། གསར་འགོད་པར་ཀྲུང་ཡོའི་དུས་གཏན་མེ་འཁོར་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། ལོ་10ཡི་རིང་རིམ་རྩིས་བརྒྱབ་ན་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་ཁྲི་7.7བཏང་བ་དང་། དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་731དབོར་འདྲེན་བྱས་པ། དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར་3400ལས་བརྒལ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ལོ་10འཕེལ་རྒྱས་བཏང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་སྐམ་སའི་སྐྱེལ་འདྲེན་བགྲོད་ལམ་གསར་པ་བཏོད་པ། རྒྱལ་ནང་ལ་ཆ་བཞག་ན་ཨ་ལ་ཧྲན་ལུང་མདོ་དང་། ཧོར་གོ་སི། ཨེར་ལན་ཧའོ་ཐེ། མན་ཇུ་ལི། སུའེ་ཧྥེན་ཧོ་བཅས་འགག་སྒོ་ཆེ་གྲས་ལྔ་བརྒྱུད་རྒྱལ་མཚམས་སྒྲོལ་བའི་ནུབ་དབུས་ཤར་གསུམ་གྱི་སྐྱེལ་འདྲེན་བགྲོད་ལམ་གཙོ་བོ་གསུམ་ཆགས་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཡི་རེའུ་འགོད་ཀྲུང་ཡོའི་དུས་གཏན་མེ་འཁོར་འཁོར་རྒྱུག་གི་ལམ་ཐིག་86ཟིན་པ། གྲོང་ཁྱེར་112དང་སྦྲེལ་མཐུད་བྱས་ཡོད། ས་ཁོངས་ཕྱི་རོལ་ལ་ཆ་བཞག་ན་བྱང་དབུས་ལྷོ་གསུམ་གྱི་བགྲོད་ལམ་ཆེན་པོ་གསུམ་རགས་ཙམ་ཆགས་པ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་དང་ས་ཁུལ་25ཡི་གྲོང་ཁྱེར་217དང་དེ་བཞིན་ལམ་རྒྱུད་ཀྱི་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད།

    ལོ་10འཕེལ་རྒྱས་བཏང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་རྒྱལ་སྤྱིའི་སྐྱེལ་འདྲེན་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་པ། དགེ་མཚན་ཆེ་རིགས་མངོན་གསལ་དོད་ཅིང་། མཚོ་ཐོག་སྐྱེལ་འདྲེན་དང་མཁའ་ཐོག་སྐྱེལ་འདྲེན་གཉིས་ཧ་ལམ་འདྲ་པོ་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་རིན་གོང་ནི་མཁའ་འགྲུལ་གྱི་1/5ཡིན་པ་དང་། འཁོར་རྒྱུག་དུས་ཚོད་ནི་མཚོ་ཐོག་སྐྱེལ་འདྲེན་གྱི་1/4ཡིན་པ། རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ཆུང་ལ་བརྟན་པོའི་རང་བཞིན་ཆེན་པོ་ཡོད། སྐྱེལ་འདྲེན་བྱེད་སྟངས་གནོད་མེད་ཡིན་ཞིང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཆ་སྙོམས་ཐཱན་འབུད་ཚད་ནི་མཁའ་འགྲུལ་སྐྱེལ་འདྲེན་གྱི་1/15དང་གཞུང་ལམ་སྐྱེལ་འདྲེན་གྱི་1/7ཡིན་པ་དེས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།