གློག་འོད་ཀྱིས་བརྒྱན་པའི་ཀྲེ་ཅང་ནན་ཞུན་གནའ་གྲོང་གི་ལྟ་ན་སྡུག་པའི་མཚན་ལྗོངས།
ཟླ་9ཚེས་19ཉིན་གྱི་མཚན་མོར་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་གནས་པའི་ནན་ཞུན་གནའ་གྲོང་གི་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡོད། གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་འཕྲོག
འདི་ནི་ཡུལ་སྐོར་བས་གྲུ་གཟིངས་ལ་བསྡད་ནས་ནན་ཞུན་གནའ་གྲོང་གི་ཆུ་འགྲམ་གྱི་མཛེས་ལྗོངས་ལ་ལྟ་བཞིན་པ།