རང་རྒྱལ་གྱི་གྲངས་འཛིན་དཔེ་སྐྲུན་ཐོན་ ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1.35ལྷག་ཙམ་ཟིན་པ།
ཟླ་9ཚེས་20ཉིན། གསར་འགོད་པར་ཀྲུང་གོའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་སྐབས་བཅུ་གསུམ་པ་ནས་ཤེས་རྟོགས་བྱུང་བར། 2022ལོར་རང་རྒྱལ་གྱི་གྲངས་འཛིན་དཔེ་སྐྲུན་ཐོན་ལས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པ་བརྒྱུད། ཅུང་ལེགས་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཏེ་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་13586.99ཟིན་ནས་ལོ་གོང་མ་ལས་6.46%འཕར་བའི་ནང་དྲ་སྦྲེལ་བརྡ་ཁྱབ་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6639.2ཟིན་ནས་བསྡུར་ཚད་ཕྱེད་ཀ་ཙམ་བཟུང་ཡོད་པ་རེད།
སྲོལ་རྒྱུན་གྱི་དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་ཀྱི་གྲངས་འཛིན་ཅན་གྱི་ཡོང་འབབ་མངོན་གསལ་དོད་པོས་འཕར་ཅིང་། 2022ལོར་དྲ་སྦྲེལ་དུས་དེབ་དང་། གློག་རྡུལ་དཔེ་དེབ། གྲངས་འཛིན་ཚགས་པར་བཅས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་104.91ཟིན་ནས་2021ལོའི་སྒོར་དུང་ཕྱུར་101.17དང་བསྡུར་ན་3.7%འཕར་བ་དང་། འཕར་ཚད་ཉེ་བའི་ལོ་གསུམ་གྱི་དམའ་ཤོས་ཡིན་པ་རེད།
གསར་དར་དཔེ་སྐྲུན་གྱི་འཕེལ་རྒྱས་དུས་བབ་ལེགས་ཤིང་། 2022ལོར་དྲ་ཐོག་གི་སློབ་གསོའི་ཡོང་འབབ་སྒོར་དུང་ཕྱུར་2620དང་དྲ་རྒྱའི་འགུལ་རིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་330.94ཟིན་ཡོད། 2022ལོར་དྲ་རྒྱའི་རྩོམ་རིག་མུ་མཐུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ནས་ཕྱི་ཕྱོགས་སུ་འགྲེམས་སྤེལ་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོས་ཤིང་། ཕྱི་རྒྱལ་དུ་བརྒྱུད་བསྒྲགས་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།