དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་གི་འགྲིམ་འགྲུལ་དོ་དམ་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-22

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་20ཉིན་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་བརྙན་ལམ་ཚོགས་འདུ་འཚོགས་ནས་2023ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་གི་འགྲིམ་འགྲུལ་དོ་དམ་ལས་དོན་བཀོད་སྒྲིག་བྱས་པ་རེད། ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་གི་དུས་ཚོད་རིང་བ་དང་། ཧང་ཀྲོའུ་ཡི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་དུས་གཅིག་ཏུ་གཉེར་བས་ཡུལ་སྐོར་དང་། འཁོར་ཞག འགྲན་བསྡུར་ལྟ་བ་བཅས་གཅིག་ཏུ་འཁེལ་ནས། སྔོན་དཔག་བྱས་ན་སྒེར་འཁོར་བཏང་ནས་ཡུལ་སྐོར་དང་། ཐག་རིང་ཡུལ་སྐོར། ཞིང་ཆེན་སྒྲོལ་ནས་ཡུལ་སྐོར་བཅས་སུ་འགྲོ་མཁན་མང་དུ་འགྲོ་རྒྱུ་དང་ཆབས་ཅིག་སྟོན་བསྡུའི་ཞིང་ལས་བྲེལ་བ་ཆེ་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་མང་བའི་དུས་ཚིགས་ཤར་ནས་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བའི་ཁར། ས་ཁུལ་ཆ་ཤས་སུ་ཆར་པ་འབབ་པ་དང་སྨུག་སྤྲིན་འཐིབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་གཅིག་བསྡུས་སུ་འཕྲད་སྲིད་པས། བདེ་འཇགས་དང་ཤར་གཏོང་ལ་འགན་ལེན་བྱེད་པར་གནོན་ཤུགས་ཆེན་པོ་འཕྲད་རྒྱུ་རེད།

    སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རིམ་ཁག་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་རྟོག་པ་ཡོངས་སྐུལ་སློང་བྱེད་པ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ཏེ་འགྲུལ་པ་མང་བའི་དུས་མཚམས་དང་། འགག་སླ་བའི་དུས་ཚོད་དང་མཚམས་ཚིགས། ལས་འཛོལ་ཐོན་མང་བའི་ལམ་དུམ་བཅས་སུ་བཀོད་འདོམས་ལམ་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ལམ་བུའི་ཆ་འཕྲིན་དང་བདེ་འཇགས་འགྲོ་སྐྱོད་ཀྱི་དྲན་སྐུལ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། མང་ཤི་མང་རྨས་ཀྱི་འགྲིམ་འགྲུལ་ལས་འཛོལ་དང་འགྲིམ་འགྲུལ་ཚབས་ཆེན་འགག་རྒྱུར་དོགས་ཟོན་ཏན་ཏིག་བྱས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་གུང་གསེང་རིང་འགྲོ་སྐྱོད་བདེ་འཇགས་ཤར་གཏོང་གི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ལས་འཛོལ་གྱི་ཆོས་ཉིད་དང་འགྲོ་འོང་གི་ཁྱད་ཆོས་ལ་དབྱེ་ཞིབ་ནན་ཏན་བྱས་ནས་ཉེན་ཁར་སྔ་སྣུར་དུ་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ཇུས་གཞི་དང་བྱ་ཐབས་བཟོས་ནས་ལས་ཀའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། མང་ཚོགས་བདེ་འཇགས་དང་ལུགས་མཐུན་ངང་འགྲོ་སྐྱོད་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ས་གནས་ཁག་གིས་གཞུང་དྲང་དང་ཡ་རབས་ངང་ཁྲིམས་སྒྱུར་ནན་པོ་དང་ཚད་ལྡན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྒྱུར་གཟུགས་བརྙན་བཟང་པོ་གཏོད་པ་དང་། ལས་སྒྲུབ་ཁྲིམས་སྒྱུར་གྱི་བདེ་འཇགས་དང་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།