དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱིས་དམངས་ཀྱི་དཀའ་ངལ་སེལ་བ་དང་དམངས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་དངོས་ཡག་པོ་བསྒྲུབས་པ།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-22

    ཚེས་20ཉིན་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་དེ་བས་སྣང་ཆེན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད།

    2022ལོར་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ནས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19845ཟིན་ཞིང་། ཞིང་འབྲོག་པའི་རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས། 2023ལོའི་ཚུན་དུ་ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་ཁྲི་9.6ཟིན་པ་དང་ཡོང་འབབ་སྒོར་དུང་ཕྱུར་10.77བྱུང་ཡོད།

    2022ལོའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་10681མང་དུ་ཕྱིན་ནས་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་སྐབས་བསྟུན་གཙང་སེལ་ཐུབ་ཡོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཁེ་ལས་ཀྱི་ལས་ཞུགས་དང་། རང་བརྟེན་ལས་གཏོད། ལྗོངས་ཕྱིར་ལས་ཞུགས། སྲིད་གཞུང་གི་ཐ་སྐྱོང་ལས་ཞུགས་བཅས“སྣ་མང་གཞི་གཅིག”གི་ལས་ཞུགས་བྱེད་སྟངས་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། 2022ལོར་གྲོང་ཁྱེར་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98.65%ཟིན་པ་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་12.18%ཟིན་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་10768སྐྲུན་འགོ་ཚུགས་ཤིང་། སྡོད་ཁང་5250བསྐྲུན་ཟིན་པ་དང་། 2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཉེན་ཡོད་སྡོད་ཁང་365སྒྱུར་བཀོད་བྱས་ཡོད།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་བུ་བཅོལ་ཁང་གི་རིགས་དབྱེ་དཔྱད་དཔོག་གི་རིམ་པ་གཏན་འཁེལ་དང་སློབ་བསྡུའི་ཡིག་རྒྱུགས་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གཉིས་པ་དང་ས་བབ་མཐོ་བའི་སློབ་གྲྭ་318ཀྱི་དྲོད་རླངས་མཁོ་འདོན་སོགས་རྣམ་གྲངས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། སློབ་ཆེན་སློབ་མར་རོགས་རམ་དང་། འཚོ་བཅུད་ལེགས་སུ་གཏོང་བ། “འགན་ལེན་གསུམ”སོགས་ཀྱི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་པ། མཐོ་རྒྱུགས་ལོན་ཚད་95.3%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.18འཕར་ཡོད་པ་བཅས་རེད། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྫོང(གྲོང་ཁྱེར་དང་ཆུས)ཁག་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཟོས་ནས་སྨན་བཅོས་འགན་སྲུང་ནས་ཐད་ཀར་མཇུག་རྩིས་རྒྱག་པ་དེ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཡོངས་སུ་ཁྱབ་ཡོད་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཡོད་པ་རེད། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་འགན་བཅོལ་སྣ་ཚོགས་ནང་ཞུགས་ཚད་97.5%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་དང་དཔྱད་གཞིར་བཟུང་སྟེ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ་དེ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས། བྱེད་ཐབས་རབ་དང་རིམ་པ་བཏོན་པ་བརྒྱུད་གྲོང་གསེབ་ཀྱི་རྣམ་པ་ཕྱོགས་ཡོངས་ནས་འགྱུར་ལྡོག་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་སུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་89%ཟིན་ནས་གྲོང་ཚོ(སྡེ་ཁུལ)མང་ཆེ་བར་སྤྱི་སྤྱོད་གསང་སྤྱོད་དང་དུད་ཚང་གི་གསང་སྤྱོད་གཉིས་ཀ་ཡོད་པས། ཞིང་འབྲོག་མང་ཚོགས་ཀྱི་གཙང་སྦྲའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད། གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་སྒྲིག་བཀོད་55བསྐྲུན་ནས་སྒྲིག་ཚུད་སྲིད་འཛིན་གྲོང་ཚོར(སྡེ་ཁུལ)འཚོ་བའི་གད་སྙིགས་བསྡུ་རུབ་དང་། དབོར་འདྲེན། གཙང་སེལ་བཅས་ཁྱབ་ཚད་97%ཟིན་པ་དང་། རང་བྱུང་གྲོང་ཚོར་འཚོ་བའི་གད་སྙིགས་བསྡུ་རུབ་དང་། དབོར་འདྲེན། གཙང་སེལ་བཅས་ཁྱབ་ཚད་90%ཟིན་ཡོད་པ་རེད། གྲོང་ཁྱེར་གྱི་བཙོག་ཆུའི་མདོང་དྲ་སྟོང་སྨི་100ལྷག་ཙམ་དང་། རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་9 ཤང་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་3 སྲིན་བུ་རིའི་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་ས་ཚིགས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་1བཅས་བསྐྲུན་ཡོད་པ་རེད། གཞི་ཁྱོན་ཅན་གྱི་གསོ་ཚགས་ལས་རིགས་ཀྱི་སྦགས་བཙོག་གཙང་གསིང་སྒྲིག་ཆས་7བཙུགས་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་ཆུ་བོ་དྭངས་ཤིང་གཙང་བའི་གྲོང་གསེབ་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་དང་། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད། ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་བཅས་གཏིང་ཟབ་སྤེལ་བས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་ཤུགས་ཆེན་ཕྱིན་ནས། ཡར་ཀླུང་གི་ས་གཞི་ཆེ་མོར་གཙང་ཞིང་གྲལ་འགྲིག་པ་དང་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།