དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨའེ་དབྱིན་སི་ཐན་གྱི་རྩ་ཆེའི་ཕྱག་བྲིས་ཕྱག་བསྟར་མ་ཟླ་9ཚེས་23ཉིན་ཧྲང་ཧའེ་རུ་ཧབ་ཚོང་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-22

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཤོག་གྲངས་14ཡོད་པ་དང་གོ་བདེ་ཤེས་སླའི་རྣམ་པར་བརྟེན་ནས་སྤྱི་དམངས་ལ་བལྟོས་བཅས་སྨྲ་བ་གསལ་འགྲེལ་བྱས་པའི་ཨའེ་དབྱིན་སི་ཐན་སྐུ་ངོ་མས་མིང་རྟགས་བཀོད་པའི་འཇར་མན་ཡི་གེའི་ཕྱག་བྲིས་ཕྱག་བསྟར་མ་ཚེས་19ཉིན་ཧྲང་ཧའེ་ཝའེ་ཐེན་ཅཱ་ཧྲི་ཏེའི་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་པ་རེད།

    རྩ་ཆེའི་ཕྱག་བྲིས་ཕྱག་བསྟར་མ་འདི་ཟླ་9ཚེས་23ཉིན་འཚོག་རྒྱུའི་ཅཱ་ཧྲེ་ཏེ་ཧྲང་ཧའེ་རུ་བཙུགས་ནས་ལོ་བཅུ་འཁོར་བའི་དྲན་གསོའི་ཧབ་ཚོང་འདུ་ཚོགས་སུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཉར་ཚགས་མཁན་ལ་ཧབ་ཚོང་རྒྱག་རྒྱུ་དང་། དེའི་ཚོད་རྩིས་རིན་གོང་མི་དམངས་ཤོག་སྒོར་ཁྲི་700ནས་ཁྲི་1000བར་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།