མཚོ་སྔོན་ཝུའུ་ལམ་རྫོང་དུ་ཡུལ་སྐོར་ལས་རིགས་ལ་གསོན་ཤུགས་གསར་པ་འཕེལ་བ།

འདི་ལོ་ཚུན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་གིས་ཚྭ་ཁའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “མེ་ལོང་ལྟ་བུའི་ཚྭ་མཚོ། མཛེས་སྡུག་ལྡན་པའི་ཝུའུ་ལམ”ཞེས་པའི“མིང་བྱང་ཡག་ཤོས”བཏོད་དེ་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར“མཁའ་དབྱིངས་ཀྱི་མེ་ལོང”དང“མཁའ་དབྱིངས་དང་པོ་རྟགས་ཅན”གྱི་མཛེས་ལྗོངས་ཁུལ་ཆེ་གྲས་གཉིས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་330ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། འདི་ནི་ཡུལ་སྐོར་བས“མཁའ་དབྱིངས་ཀྱི་མེ་ལོང”ཞེས་གྲགས་པའི་མཚོ་ངོས་སུ་དྲན་རྟེན་པར་རྒྱག་བཞིན་པ།