དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-22

    ཟླ་9ཚེས་19ཉིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཞི་པས་ཚོགས་འདུར་མཛུབ་ཁྲིད་བྱས་པ་རེད།

    ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་བོད་ལྗོངས་ཞིབ་དཔྱོད་ཀྱི་འགྱུར་མེད་ཀྱི་བརྗོད་དོན་གཙོ་བོ་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས་མུ་མཐུད་ཟབ་སྦྱོང་མཐིལ་རྟོགས་དང་། ཏང་ལ་ལྷག་བསམ་རྣམ་དག འཇོན་ཐང་ལ་ཞུན་བརྡར་བཅས་བྱེད་དགོས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་ཁྲིམས་བཞིན་ནུས་ཆེ་དང་ཕན་ཆེའི་ངང་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མ་སྤུས་ཚད་མཐོ་པོས་ཡག་པོ་སྒྲུབ་གཉེར་བྱེད་དགོས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང“དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་འབྲེལ་མཐུད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་གོང་འོག་མཉམ་འགུལ་གྱིས་ཞིབ་དཔྱོད་ལས་དོན་ཁྲོད་ཀྱི་ཞན་ཆ་སེལ་བ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།