དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྲ་ཚུགས་དང་ལས་སྟེགས་405ཡིས་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟངས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-21

    གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་དྲ་ཚུགས་དང་ལས་སྟེགས་དེ་བས་མང་བས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ཁྲིམས་འགལ་དང་ཆ་འཕྲིན་ཚུལ་མིན་ཐེར་འདོན་ལྟེ་གནས་ཀྱིས་ཁག་བཅུ་པའི་དྲ་ཚུགས་དང་ལས་སྟེགས་405སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟངས་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཁྱུག་དབྱིངས་ཀྱི་དྲ་ཐོག་ཚོང་དོན་དང་། ཁོའེ་ཧྲོའུ་དྲ་ཐོག་ཚོང་དོན། ཁྭ་ཁེ་ལྟ་ཆས། ལེགས་འཛོམས་ཞིང་ཁམས་སོགས་ཀྱི་དྲ་ཚུགས་དང་ལས་སྟེགས་ཚུད་ཡོད། དེས་ན་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟངས་ཁྱབ་བསྒྲགས་བྱས་པའི་དྲ་ཚུགས་དང་ལས་སྟེགས་4500ལྷག་ཙམ་ཟིན་ཞིང་། སྲིད་དོན་ཞབས་ཞུ་དང་། གསར་འགྱུར། སྤྱི་ཚོགས་འབྲེལ་བའི་སྤེལ་རེས། ཐད་གཏོང་། སྒྲ་བརྙན་ལམ། འཚོལ་བཤེར་ཡོ་བྱད། ལྟ་ཆས། དྲ་ཐོག་ཚོང་དོན། དྲ་རྒྱའི་རོལ་རྩེད་སོགས་རྒྱལ་ནང་གི་དྲ་ཚུགས་དང་ལས་སྟེགས་གཙོ་བོ་གཞི་རྩའི་ཆ་ནས་ཁྱབ་ཡོད།

    ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ཁྲིམས་འགལ་དང་ཆ་འཕྲིན་ཚུལ་མིན་ཐེར་འདོན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། དྲ་ཚུགས་དང་ལས་སྟེགས་ཀྱིས་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟངས་གཅིག་གྱུར་དུ་ཁྱབ་བསྒྲགས་བྱས་པ་དེ་ནི་དྲ་ཚུགས་དང་ལས་སྟེགས་ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། དྲ་ཚུགས་དང་ལས་སྟེགས་ཀྱིས་ཐེར་འདོན་བདག་སྤྲོད་བྱེད་སྟངས་ཡོངས་བསྒྲགས་བྱ་རྒྱུ་གོ་སྐབས་སུ་བྱས་ནས། དྲ་རྒྱའི་ཁྲིམས་འགལ་དང་ཆ་འཕྲིན་ཚུལ་མིན་ཐེར་འདོན་གྱི་ལས་དོན་ཚད་ལྡན་ངང་སྤེལ་བ་དང་། དྲ་དམངས་ཀྱི་ཐེར་འདོན་ཞུ་གཏུག་ལ་དུས་ཐོག་ཏུ་བདག་སྤྲོད་ཐག་གཅོད་དང་ཚུར་ལན་བྱས་ནས། དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་དྲ་རྒྱའི་ཁོར་ཡུག་གཙང་མ་མཉམ་དུ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།