དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་ཨ་རབ་ཡི་གེའི་དཔར་མ་སོགས་ཕྱི་རྒྱལ་གྱི་ཡིག་རིཊ་དྲུག་གི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་ཨ་རབ་ཡི་གེ་དང་། ཕོར་ཐིའུ་ཀལ་གྱི་ཡི་གེ འཇར་མན་གྱི་ཡི་གེ སི་ཝ་ཞིའི་ཡི་གེ ཝུར་ཏུའི་ཡི་གེ་དང་། དེ་བཞིན་ཝེ་ཐེ་ནམ་གྱི་ཡི་གེ་བཅས་ཀྱི་དཔར་མ་ཉེ་ཆར་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་ཆེད་དོན་9ལ་དབྱེ་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་ངང་གནད་བསྡུས་བྱས་ཡོད། ད་ཐེངས་ཨ་རབ་ཀྱི་ཡི་གེ་སོགས་སྐད་རིགས་དྲུག་གི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ཕྱི་རྒྱལ་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རླབས་ཆེན་གྱི་ལག་ལེན་དང་དེ་བཞིན་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་ཇུས་གཞི་ཤེས་རྟོགས་གཏིང་ཟབ་བྱས་ནས་དེང་རབས་ཀྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ཡིད་དབང་འཕྲོག་ནུས་དང་། བག་ཆགས་འཇོག་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    དེབ་དེའི་དབྱིན་ཇི་དང་། ཧྥ་རན་སེ། ཨུ་རུ་སུ། སི་ཕེན། རི་པིན་བཅས་ཀྱི་རྒྱ་ཡིག་ཤན་སྦྱར་པར་གཞི་2022ལོར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་འགྲེམས་སྤེལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།