དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་དཔེ་སྐྲུན་དང་འགྲེམས་སྤེལ་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་དང་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་མངགས་ཉོའི་ཚོགས་འདུ་སྐབས་བཅུ་གཉིས་པ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-21

    བོད་ཡིག་དཔེ་དེབ་དཔེ་སྐྲུན་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྔར་བས་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་དཔེ་སྐྲུན་དང་འགྲེམས་སྤེལ་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་དང་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་མངགས་ཉོའི་ཚོགས་འདུ་སྐབས་བཅུ་གཉིས་པ་ལྷ་སར་འཚོགས་པ་རེད།

    བྱེད་སྒོ་སྤེལ་རིང་། པེ་ཅིང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་སོགས་ནས་ཡོང་བའི་དཔེ་སྐྲུན་ཁང་དང་ཤིན་ཧྭ་དཔེ་ཚོང་ཁང་9དང་དེ་བཞིན་ལྷ་སའི་དམངས་གཉེར་དཔེ་ཚོང་ཁང་ཁག་གཅིག་གི་འཐུས་མིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཡིག་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་བྱས་པ་དང་འབྲེལ་2018ལོ་ཚུན་དུ་དཔེ་སྐྲུན་བྱས་པའི་བོད་ཡིག་དཔེ་དེབ་ལ་བྱ་དགའ་སྤྲོད་པའི་དཔྱད་བསྡུར་ཡང་བྱས་པ་རེད།

    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་གནའ་དཔེ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞུ་ཆེན་གཞོན་པ་ལྷག་པ་བཀྲ་ཤིས་ཀྱིས། “ད་ཐེངས་ཀྱི་བྱེད་སྒོས་བོད་ཡིག་དཔེ་དེབ་ཀྱི་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་འཕེལ་རྒྱས་གཏོང་བར་ལས་སྟེགས་ཡག་པོ་བཏོད་པ་དང་། ཁྱབ་ཁོངས་དེའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་རྒྱུར་ཕན་པ་བསྐྲུན་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།