གྲོང་གསེབ་གཞུང་ལམ་དྲ་བ་ལྟ་བུར་འབྲེལ། རི་གྲོང་མང་ཚོགས་བདེ་སྐྱིད་ལམ་བུར་སྐྱོད།
—— 2022ལོའི་ལོ་འཁོར་གྱི“གྲོང་གསེབ་གཞུང་ལམ་མཛེས་ཤོས་བཅུའི”སྐོར་གྱི་པར་རིས་བདམས་བཀོད།
འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྣང་གྲོང་ཚོའི་གཞུང་ལམ་ཡིན་པ།
འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་གྱི་ཐའེ་ཧུའུ་མཚེའུ་ཡི་ལྷོ་ངོས་ཀྱི་ཐའེ་ཧུའུ་མཚོ་སྐོར་གཞུང་ལམ་ཡིན་པ།
འདི་ནི་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་ཀྱི་སུང་ཡན་ལམ་ཡིན་པ།
འདི་ནི་ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་གྱི་ཆན་ཏུའོ་མཛེས་ལམ་ཡིན་པ།
འདི་ནི་ཧྲན་ཏུང་ཞིང་ཆེན་ཧའེ་དབྱང་གྲོང་ཁྱེར་གྱི་དམངས་སྲོལ་ཡུལ་སྐོར་ལམ་ཡིན་པ།
འདི་ནི་ཅང་ཤིས་ཞིང་ཆེན་ཧྲང་ལི་རྫོང་ཅིན་ཧྲན་གྲོང་རྡལ་གྱི་གྲོང་སྐོར་གཞུང་ལམ་ཡིན་པ།
འདི་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་ཁོའོ་ཕིན་རྫོང་གི་གྲོང་གསེབ་གཞུང་ལམ་ལམ་ཐིག་534ཡིན་པ།
འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཧྲན་རྫོང་ཀྲུའུ་ཞན་ཤང་ཤ་ཀྲོང་གྲོང་ཚོའི་གཡང་གཟར་རྒྱུད་ཀྱི་གཞུང་ལམ་ཡིན་པ།
འདི་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨང་སུའུ་ནས་ཁྲེང་ཁྲོན་བར་གྱི་གསར་བརྗེའི་ཡུལ་སྐོར་གཞུང་ལམ་ཡིན་པ།
2014ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་སྔར་བས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། གཞུང་ལམ་ཤར་གཏོང་ཐུབ་ན་ལས་རིགས་ཀུན་དར་ཐུབ། དྲ་བ་ལྟར་འབྲེལ་བའི་གྲོང་གསེབ་གཞུང་ལམ་རེ་རེས་རྒྱ་ཆེ་བའི་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཐུད་བྱས་ནས་གོ་སྐབས་དང་རེ་བ་མང་པོ་སྦྱིན་བཞིན་ཡོད།
ཉིན་ཤས་གོང་། འགྲིམ་འགྲུལ་སྐྱེལ་འདྲེན་པུས་འོས་འདེམས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། 2022ལོའི་ལོ་འཁོར་གྱི“གྲོང་གསེབ་གཞུང་ལམ་མཛེས་ཤོས་བཅུའི”ནང་ཧོ་པེ་ཤིང་ཐའེ་ཤིན་ཏུའུ་ཆུས་ཀྱི་ཁང་ཏ་ལམ་དང་། ཅང་སུའུ་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་བཞི་ཡི་ཐའེ་ཧུའུ་མཚོ་སྐོར་གཞུང་ལམ་ཚུད་པའི་གྲོང་གསེབ་གཞུང་ལམ་10བདམས་ཡོད། དྲ་བ་ལྟར་འབྲེལ་བའི་གྲོང་གསེབ་གཞུང་ལམ་གྱིས་མེས་རྒྱལ་གྱི་བརྗིད་ཆགས་ཡིད་དུ་འོང་བའི་རི་ཀླུང་འབྲེལ་མཐུད་བྱས་པ་མ་ཟད། མི་སེར་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་འཆར་འགོད་བྱས་ཡོད།
ལོ་བཅུའི་རིང་། རང་རྒྱལ་གྱི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་སྟེ། གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི་253གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་། ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་ཨར་འདམ་ལམ་དང་། འགྲུལ་སྐྱེལ་རླངས་འཁོར། སྦྲག་ལམ་བཅས་ཤར་གཏོང་ཐུབ་ནས་ཞིང་པ་མང་ཚོགས“ཕྱིར་སྐྱོད་དཀའ་བའི”གནད་དོན་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་ཡོད།
(《མི་དམངས་ཉིན་རེའི་ཚགས་པར》ལས་བརྒྱུད་འགོད་བྱས)