དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཚུངས་ལས་20.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་9ཚེས་17ཉིན། གསར་འགོད་པར་ཟི་ལིང་འགག་སྒོ་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་31.8ཟིན་ནས་ན་ནིང་གི་དུས་མཚུངས(གཤམ་ལ་ཡང་འདི་དང་མཚུངས)ལས་20.9%འཕར་བའི་ཁྲོད་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་18ཟིན་ནས་15.1%འཕར་བ་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་13.8ཟིན་ནས་29.4%འཕར་ཡོད་པ་རེད། ཕྱིར་གཏོང་ནང་འདྲེན་དང་། ཕྱིར་གཏོང་། ནང་འདྲེན་བཅས་འཕར་ཚད་དུས་མཚུངས་ཀྱི་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་21དང་། 14.3 30.7བཅས་སོ་སོར་འཕར་ནས་རྒྱལ་ཡོངས་ཀྱི་ཨང་དྲུག་པ་དང་། དགུ་པ། བཞི་པ་བཅས་སོ་སོར་སླེབས་ཡོད་པ་རེད། ཟླ་བ་བརྒྱད་པར། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་3.8ཟིན་ནས་དུས་མཚུངས་ལས་2.1%དང་ཟླ་གོང་མ་དང་བསྡུར་ན་60.7%འཕར་བ་དང་། དེ་དག་ལས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.5ཟིན་ནས་ཟླ་གོང་མ་དང་བསྡུར་ན་44.4%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.3ཟིན་ནས་དུས་མཚུངས་ལས་ལྡབ་1.1དང་ཟླ་གོང་མ་ལས་ལྡབ་1འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།