ཅང་ཤིས་ཤིན་ཧྥུང་གིས་འོད་ཤུགས་ཐོན་ལས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཤིན་ཧྥུང་རྫོང་གིས་སྐྱ་ཐེར་ཐེར་གྱི་རི་རྒོད་དང་། བེད་མེད་གཏེར་ཁུལ། བཟོ་ཁང་གི་ཐོག་ཁ་བཅས་སྤྱད་དེ་གཅིག་སྡུད་རྣམ་པ་དང་ཁ་ཐོར་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་བསྐྲུན་ནས། ནུས་རྒྱུ་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སུ་བཏང་བ་དང་ས་ཞིང་དང་བེད་མེད་ས་ཆའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ། ཁེ་ལས་ཀྱི་འཕེལ་རྒྱས་དང་གྲོང་གསེབ་ཏུ་ལས་དར་འབབ་འཕར་ཡོང་བར་རམ་འདེགས་བྱས་པ་རེད།
འདི་ནི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཤིན་ཧྥུང་རྫོང་ཀྲེང་ཕིང་གྲོང་རྡལ་དུ་གནས་པའི་རུའེ་ཤིན་ནུས་རྒྱུ་གསར་པ(ཤིན་ཧྥུང)ཚད་ཡོད་ཀུང་སིའི་གྲལ་སྟར་འགྲིག་པའི་འོད་ཤུགས་གློག་གཏོང་ཤེལ་ལེབ་དང་སྔོ་ལྗང་རི་ཚོགས་དང་ཞིང་ར་ཕན་ཚུན་གཅིག་ལ་གཅིག་འགྲན་གྱི་མཛེས་ལྗོངས་ཡིན་པ།