ཀྲུང་གོའི་དུས་རབས་20པའི་ཨར་སྐྲུན་ཤུལ་བཞག་རྣམ་གྲངས་ཁག་བརྒྱད་པ་འོས་སྦྱོར་གྱི་མིང་གཞུང་ཁྱབ་བསྒྲགས་བྱས་པ།
ཚོང་འགུགས་ཅུས་ཧྲེ་ཁོའུ་བཟོ་ལས་ཐོག་བརྩེགས་ཁང་ཆེན་དང་། ཡུན་ནན་ཞིང་ཆེན་ཧྲེ་ཕིང་སློབ་འབྲིང་དང་པོ། ཤིས་ཧུའུ་མཚེའུ་དངོས་མང་སྟོན་ཚོགས་སྐབས་དང་པོའི་བཟོ་ལས་ཁང་གི་གནས་རྙིང་། ཀྲུའུ་ཆི་ཆན་གྱི་བཞུགས་རྙིང་། ཅན་ཁྲོན་རྟེན་མཛོད་ཁང་གི་འདུས་སྡོད་ཁུལ། ཐེན་ཅིན་འཕྲུལ་སྟེགས་བཟོ་གྲྭ་སོགས་ཨར་སྐྲུན་101 ཀྲུང་གོའི་དུས་རབས་20པའི་ཨར་སྐྲུན་ཤུལ་བཞག་ཁག་བརྒྱད་པ་འོས་སྦྱོར་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་ཡོད། 2016ལོ་ནས་ད་བར། ཀྲུང་གོའི་རིག་དངོས་སློབ་ཚོགས་དང་ཀྲུང་གོ་ཨར་སྐྲུན་སློབ་ཚོགས་ཀྱི་མཛུབ་ཁྲིད་འོག ཀྲུང་གོའི་དུས་རབས་20པའི་ཨར་སྐྲུན་ཤུལ་བཞག་ཨུ་ལྷན་གྱིས་ལས་རིགས་དེའི་ཨར་སྐྲུན་རིག་གནས་སྟོན་ཚོགས་ཀྱི་རིགས་གཅིག་མཁས་ཅན་དང་ཨུ་ཡོན་ལ་བརྟེན་ནས། ལས་རིགས་དེ་དང་སྤྱི་ཚོགས་ལ་ཁག་བརྒྱད་པའི་རྣམ་གྲངས་798ངོ་སྦྱོར་བྱས་པ་རེད།
ཀྲུང་གོའི་དུས་རབས་20པའི་ཨར་སྐྲུན་ཤུལ་བཞག་ཁག་བརྒྱད་པ་འོས་སྦྱོར་རྣམ་གྲངས་དང་ཀྲུང་གོ་གསར་པ་འཛུགས་སྐྲུན་གྱི་ལོ་རྒྱུས་དབར་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་དུས་རབས་ཀྱི་མཚོན་བྱེད་རང་བཞིན་ལྡན་པ་མ་ཟད། ཨར་སྐྲུན་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ཀྱིས་སྤྱིའི་འོས་སྦྱོར་རྣམ་གྲངས་ཀྱི་ཕྱེད་ཀ་ཡན་བཟུང་བ་དང་། དོ་ཁུར་རྒྱ་ཁྱབ་བྱུང་མེད་པའི་རྣམ་གྲངས་ལ་སྔར་བས་སྣང་ཆེན་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རྣམ་གྲངས་ཀྱང་ཚུད་ཡོད། དེ་དང་ཆབས་ཅིག“དེང་རབས་ཨར་སྐྲུན་ཤུལ་བཞག་དང་གྲོང་ཁྱེར་གསར་འབྱེད”ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ནས་དུས་རབས་20པའི་ཨར་སྐྲུན་ཤུལ་བཞག་གི་སྲུང་སྐྱོང་དང་ནུས་པ་ཆེ་རུ་གཏོང་བའི་སྐོར་ལ་གྲོས་བསྡུར་རྒྱ་ཁྱབ་དང་མཉམ་སྤྱོད་ཧུར་ཐག་བྱས་པ་རེད།