དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོའི་ནང་སྦྱོང་བདེ་བླག་ངང་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-20

    ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པ་དངོས་སུ་འགོ་ཚུགས་པར་གཟའ་འཁོར་གཅིག་ཙམ་ལས་མེད། ཚེས་18ཉིན་གྱི་དགོང་མོར། འགོ་ཚུགས་མཛད་སྒོའི་ནང་སྦྱོང་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ་གཞི་རྒྱུ་ཚང་མའི་རྣམ་པའི་ཐོག་ནས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་སོགས་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཞིབ་དཔྱད་བྱས་པ་རེད།

    འགོ་ཚུགས་མཛད་སྒོ་ཆ་ཚང“ཨེ་ཤེ་ཡ་དགུང་དུ་བསྟོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལེ་ཚན་ཆེན་པོ་གསུམ་ལ་དབྱེ་ཡོད་པ་དང་། སྔོན་དཔག་བྱས་ན་སྐར་མ་115ཙམ་ནང་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་གྱི་ལྷུ་ཚིགས་ཁག་ལེགས་སྒྲུབ་བྱ་རྒྱུ་རེད། དེ་གོང་གི་ནང་སྦྱོང་བྱེད་ཐེངས་ཁ་ཤས་ནང་འགོ་ཚུགས་མཛད་སྒོའི་ཐོག“ཆུ”དེ་འགྲན་ར་ཡོངས་ལ་ཁྱབ་པའི་ལྟེ་བའི་གཞི་རྒྱུ་ཞིག་ཏུ་བརྩིས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དང་ཀྲུང་གོ་དང་འཛམ་གླིང་ཞི་མཐུན་མཉམ་འདྲེས་བྱེད་ཚུལ་མངོན་པར་བྱས་པ་དང་། འཁྲབ་སྟོན་གྱི་ཚན་རྩལ་མཐོ་བའི་བྱེད་ཐབས་གང་ལེགས་སྤྱད་དེ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་དེ་འགོ་ཚུགས་མཛད་སྒོ་ཧྲིལ་པོར་མཉམ་འདྲེས་ཐུབ་པའི་བརྩོན་ལེན་བྱས་པ་རེད།

    ད་ཐེངས་ཀྱི་ནང་སྦྱོང་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་གྱི་ལྷུ་ཚིགས་བདེ་འཇགས་སྦྲེལ་མཐུད་ཡག་པོ་བྱུང་བ་དང་། འཁྲབ་སྟོན་པ་དང་ལས་རིགས་ཁག་དབར་གཞོགས་འདེགས་ཡག་པོ་བྱུང་བ། འགོ་ཚུགས་མཛད་སྒོའི་མཐོང་ཚོར་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པ། དུས་མཚམས་གོང་མའི་ལས་དོན་ཁག་གི་གྲུབ་འབྲས་ལ་ཞིབ་བཤེར་ནུས་ལྡན་ཐུབ་པ་མ་ཟད། གཙོ་གཉེར་ཚོགས་པས་སྔར་བས་ལེགས་སྒྲིག་བྱེད་པར་ཞིབ་ཕྲའི་ཁ་ཕྱོགས་ཀྱང་བསྟན་ཡོད་པ་རེད། ད་ཐེངས་ཀྱི་ནང་སྦྱོང་ཚར་རྗེས་གཙོ་གཉེར་ཚོགས་པས་བརྙན་ལམ་དང་། གྱོན་གོས། འཁྲབ་ཆས་བཅས་དང་སྒྲིག་ཆས་ཁག་གཅིག་ལ་སླར་ཡང་ལེགས་སྒྲིག་བྱ་རྒྱུ་མ་ཟད་དངོས་སུ་འཁྲབ་སྟོན་མ་བྱས་གོང་ད་དུང་གོ་སྐབས་བཙལ་ནས་ཡང་བསྐྱར་ནང་སྦྱོང་ཐེངས་གཅིག་བྱ་རྒྱུ་རེད།

    གཞན་ཡང་འགོ་ཚུགས་མཛད་སྒོའི་ལྟེ་བའི་བསམ་བཀོད་ཅིག་ཡིན་པའི་ངོས་ནས་གཙོ་གཉེར་ཚོགས་པས་ད་ཐེངས་གཙོ་བོ“གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས”ཀྱི་རྣམ་པའི་ཐོག་ནས་དཔལ་འབར་གཙོ་བོ་སྤར་ཏེ། ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གྲངས་འཛིན་གྱི་དཔལ་འབར་སྤོར་བའི་མཛད་སྒོ་ཐོག་མ་དེ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།