དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་མ་བརྗེད་སེམས་ལ་ངེས་པའི་ཉེན་ཟོན་དུང་བརྡ་གཏོང་བའི་མཛད་སྒོ་ཧྲེན་དབྱང་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-20

    འདི་ལོ་ནི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བྱུང་ནས་ལོ་92འཁོར་བའི་ལོ་རེད། ཚེས་18ཉིན་གྱི་སྔ་དྲོར། དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་མ་བརྗེད་སེམས་ལ་ངེས་པའི་ཉེན་ཟོན་དུང་བརྡ་གཏོང་བའི་མཛད་སྒོ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་དགུ་གཅིག་བརྒྱད་ལོ་རྒྱུས་རྟེན་མཛོད་ཁང་གི་ལོ་ཐོ་རྙིང་པའི་དབྱིབས་ཀྱི་རྡོ་རིང་ཐང་ཆེན་དུ་གཉེར་བ་རེད།

    དགུ་གཅིག་བརྒྱད་ལོ་རྒྱུས་རྟེན་མཛོད་ཁང་གི་ལོ་ཐོ་རྙིང་པའི་དབྱིབས་ཀྱི་རྡོ་རིང་ཐང་ཆེན་གྱི་རྣམ་པ་རྔམ་བརྗིད་ལྡན་ཞིང་། རྡོ་རིང་ཆེན་པོ་དེའི་ངོས་སུ“མདེལ་ཁུང”གིས་ཁེངས་པ། དུས་ཚོད་1931ལོའི་ཟླ་9ཚེས་18ཉིན་ལ་གཏན་འཁེལ་བྱས་པ། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མིས་རྡོ་རིང་ལ་ཕྱོགས་ནས་རུ་སྟར་ལེགས་པོ་བསྒྲིགས་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ་མཛད་སྒོ་དེ་སྐད་གསང་མཐོན་པོའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་14ཡིས་མཉམ་དུ“ཉེན་བརྡ་གཏོང་བའི་ཅོང”བརྡུངས་པ་རེད། ཅོང་སྒྲ་14དུས་གཅིག་ཏུ་མཁའ་དབྱིངས་སུ་གྲགས་པ་ལས་ཀྲུང་གོ་མི་དམངས་ཀྱིས་ལོ་14ཡི་རིང་དཀའ་སྤྱད་ཚད་མེད་བྱས་པའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་མཚོན་ཡོད། ཆུ་ཚོད་9དང་སྐར་མ་18ལ་ཧྲེན་དབྱང་གྲོང་ཁྱེར་ཡོངས་སུ་མཁའ་ཟོན་ཉེན་བརྡ་སྐར་མ་3བཏང་བ་དང་ཆབས་ཅིག གཞུང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་མི་རྣམས་ཀྱིས་འགྲོ་མཚམས་བཞག་ནས་དྲན་གསོ་ཞུས། དུས་དེར་ལེའོ་ཉིང་གི་གྲོང་ཁྱེར་གཞན་དག་13གྱིས་ཀྱང་ཉེན་ཟོན་དུང་བརྡ་བཏང་བ་དང་། མེ་འཁོར་དང་། གྲུ་གཟིངས། རླངས་འཁོར་ནས་ཀྱང་དུང་བརྡ་བཏང་བ་རེད།

    “དུང་བརྡ་དང་ཅོང་སྒྲས་སྐབས་དེ་དུས་ཀྱི་དཔའ་ངར་ཆེར་བསྐྱེད་ཀྱི་དམག་འཁྲུག་མཚོན་པར་བྱས་པ་དང་ཆབས་ཅིག ང་ཚོར་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་རྒྱལ་ཁབ་ཀྱི་ལ་རྒྱ་མ་བརྗེད་པར་བྱས་ནས། ང་ཚོའི་མི་རབས་འདིར་རང་ཚུགས་རང་དར་ཡོང་བར་བྱེད་དགོས་པའི་ཉེན་བརྡ་ཡང་གཏོང་བཞིན་ཡོད”ཅེས་མཛད་སྒོར་ཞུགས་པའི་ཧྲེན་དབྱང་གྲོང་ཁྱེར་སློབ་འབྲིང་ལྔ་པའི་མཐོ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཆུས་ཅན་ཀྲེན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།