དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལེ་དབར་སྟོང་གི་ས་ནས་བསྐུར་བའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-20

    ན་ནིང་གི་ཉིན་ཞིག་ལ་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་ཟམ་ཁ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་འབྲུག་འབྲུག་སྡེ་ཁུལ་དུ་ལས་ཀ་བྱེད་པའི་སྐབས་སུ་ལེ་དབར་སྟོང་གི་ས་ནས་བསྐུར་བའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་འབྱོར། ཁོང་གིས་ཡ་མཚན་ཆེན་པོས་འཕྲིན་ཡིག་དེ་ཁ་ཕྱེ་ནས་ལྟ་སྐབས་བསྐུར་མཁན་ཐང་ཡན་ཡིན་པ་གཞི་ནས་ཤེས།

    འཕྲིན་ཡིག་ནང“ཟླ་ཤས་གོང་ང་རླངས་འཁོར་བཏང་ནས་བོད་དུ་ཡོང་སྐབས་དཔལ་འབར་དུ་ངལ་གསོས་པ་ཡིན། མཛེས་སྡུག་ལྡན་པའི་ས་ཆ་འདིར་ངར་སེམས་བཟང་ཅན་གྱི་མི་ཞིག་འཕྲད་བྱུང་། ཁོང་གིས་སྒེར་སེམས་མེད་པར་ང་ལ་རོགས་རམ་བྱས་བྱུང”ཞེས་བྲིས་ཡོད། ལེ་དབར་སྟོང་གི་བར་ཐག་ཆོད་ཀྱང་བཀའ་དྲིན་དྲན་པའི་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་དེས་འབྲུག་འབྲུག་ལ་སེམས་འགུལ་ཚད་མེད་ཐེབས།

    2021ལོའི་ལོ་མཇུག་ཏུ་ཧུའུ་ནན་ནས་ཡོང་བའི་ཐང་ཡན་གྱིས་རླངས་འཁོར་བཏང་སྟེ་བོད་དུ་ཡོང་བ་དང“བོད་དུ་སྐྱོད་པའི་ཉེན་ཁ་དང་པོ”ཞེས་པའི་ཤར་གོང་ལ་སྒྲོལ་སྐབས་ཡིད་གཟབ་མ་བྱས་སྟབས་ལག་ཐོགས་ཁ་པར་བོར་བརླག་སོང་བ་རེད། ག་བྱེད་འདི་བྱེད་མེད་པའི་སྐབས་སུ་ཐང་ཡན་ལ་འབྲུག་འབྲུག་འཕྲད།

    གནས་ཚུལ་ཤེས་རྟོགས་བྱས་རྗེས་འབྲུག་འབྲུག་གིས་འཕྲལ་ཐག་ཆོད་པོས་སྦག་སྦག་བཞོན་ནས་ཐང་ཡན་བསྐྱོན་ཏེ་ལག་ཐོགས་ཁ་པར་འཚོལ་བར་ཕྱིན། དེ་གར་འདམ་རྫབ་ཀྱིས་ཁེངས་པ་དང་ལག་ཟུང་འཁྱགས་ནས་དམར་པོར་གྱུར་ཡང་འབྲུག་འབྲུག་གིས་ཞིབ་ཏུ་བཙལ་བ་རེད།

    ཐང་ཡན་ལ་ལག་ཐོགས་ཁ་པར་འཚོལ་རོགས་བྱེད་མ་ཐུབ་ཀྱང་ཁོང་གཉིས་པོའི་དབར་མཛའ་གཅུགས་ཟབ་མོ་ཞིག་ཆགས།

    ཟླ་གཅིག་རྗེས་ཀྱི་ཉིན་ཞིག་ལ་འབྲུག་འབྲུག་གི་ནང་མིར་ནད་གཞི་ཕོག་ནས་ལྷ་སར་སྨན་ཁང་དུ་སྡོད་དགོས་བྱུང་། སྐབས་དེ་དུས་ད་དུང་ལྷ་སར་བསྡད་ཡོད་པའི་ཐང་ཡན་གྱིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་འབྲུག་འབྲུག་དང་འབྲེལ་བ་བྱས་པ་མ་ཟད། ད་དུང་སྨན་ཁང་དུ་འབྲུག་འབྲུག་གི་ནང་མིར་ལྟ་བར་ཡང་ཡོང་།

    དེ་ལྟར་འབྲུག་འབྲུག་དང་ཐང་ཡན་གཉིས་ཀྱི་མཛའ་བརྩེ་དེ་ལེ་དབར་སྟོང་ཕྲག་བརྒལ་བའི་བརྩེ་སེམས་ཤིག་ཏུ་གྱུར་ནས་འབྲུག་འབྲུག་ཐང་ཡན་གྱི་གཅེན་པོར་གྱུར་པ་དང་། ཐང་ཡན་ཡང་ཁོ་པའི་ཧུའུ་ནན་གྱི་གཅུང་མོར་གྱུར།

    “སླད་ཕྱིན་གོ་སྐབས་བྱུང་ཚེ་ངས་དཔལ་འབར་རྫོང་ལྕགས་གོང་ཤང་དུ་ངའི་གཅེན་པོ་འབྲུག་འབྲུག་ལ་ལྟ་བར་འགྲོ་གི་ཡིན”ཞེས་ཐང་ཡན་གྱིས་འཕྲིན་ཡིག་ནང་དེ་ལྟར་བྲིས།

    ཉིན་དེ་དག་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་ཡིན་པའི་འབྲུག་འབྲུག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཇུས་གཞི་གྲ་སྒྲིག་ནན་ཏན་བྱས་ནས་ཟམ་ཁ་སྡེ་ཁུལ་གྱི་གྲོང་མི་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་། མི་རིགས་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་དྲིལ་བསྒྲགས་སློབ་གསོ་སྤེལ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་དེས་རྒྱུན་དུ་ཁོང་ལ་དྲོ་སྐྱིད་སྦྱིན་ལ་བློ་རྩ་ཡང་བརྟན་དུ་འགྲོ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།