ཉལ་སྟངས་འགྲིག་འདུག་གམ། དེའི་སྐོར་ལ་རིཊ་གཅིག་མཁས་པས་འདི་འདྲ་གསུངས།
གཅིག ཕྲུ་གུ་དམར་འབྱར་སྙོལ་སྐབས། ཕྲུ་གུའི་མགོ་རུས་མཁྲེགས་པོ་ཆགས་མེད་པར་བརྟེན། གཞོགས་གཅིག་ཁོ་ནར་བསྙལ་བཞག་ན་མགོ་བོའི་བཟོ་ལྟ་འགྱུར་སྲིད་པ་མ་ཟད། ད་དུང་ཀླད་པའི་འཚར་ལོངས་ལའང་སྐྱོན་ཆེན་པོ་བཟོ་ཡི་ཡོད། དེར་བརྟེན་ཕྲུ་གུ་དམར་འབྱར་སྙོལ་སྐབས་གཞོགས་གཡས་གཡོན་ཡང་སེ་བརྗེ་དགོས།
གཉིས། སྤྱིར་ན་གཏན་འཇགས་ཀྱི་ཉལ་སྟངས་མེད་མོད། འོན་ཀྱང་ཁ་སྦུག་བསློགས་ནས་ཉལ་རྒྱུ་མེད། གལ་སྲིད་ཁ་སྦུག་བསློགས་ནས་ཉལ་ན་དབུགས་གཏོང་དཀའ་བ་དང་། སྙིང་ཁ་གཡུག་པར་འགོག་རྐྱེན་བཟོ་སྲིད། ལྷག་པར་དུ་ཁ་ལག་བཟས་རྗེས་དང་ཉིན་གུང་གཉིད་ཉལ་སྐབས་ཡག་ཤོས་བྱུང་ན་གན་རྐྱལ་བསློགས་པ་དང་གཞོགས་གཡས་ལ་ཁ་བསློགས་ཏེ་ཉལ་དགོས། དེ་ལྟར་བྱས་ཚེ་གཞོགས་གཡོན་གྱི་ཕོ་བར་ངལ་གསོ་ཐེབས་ནས་ལྟོ་ཆས་ཡག་པོ་འཇུ་ཐུབ།