དབུ་ཤོག
  • དེ་རིང་ནས་ལམ་འདི་དག་བཀག་འདུག་པས། ཚང་མས་བསྐོར་ནས་ཕེབས་རོགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-09-19

    ལྷ་ས་མཐོ་གསར་ཞེས་པའི་སྐད་འཕྲིན་སྤྱི་རྟགས་ཀྱི་ཆ་འཕྲིན་ལ་གཞིགས་ན། ལྷ་ས་མཐོ་གསར་ཁུལ་གྱི་ས་འོག་མདོང་ལམ་དྲ་བའི་འཁོར་སྐྱོད་སྤུས་ཚད་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་གཏོང་། གཙང་ཞིང་སྐྱིད་སྣང་དོད་པའི་གྲོང་ཁྱེར་གྱི་ཁོར་ཡུག་བཅས་གཏོད་ཆེད། ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ས་འོག་མདོང་ལམ་དྲ་བ་སྒྱུར་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། མིག་སྔར་ཚ་རྒུར་ལམ་ཆེན་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། པེ་ཅིང་ལམ་ཆེན་དང་ཤམ་བྷ་ལ་ལམ་ཆེན་སྔ་རྗེས་སུ་ཤར་གཏོང་ཐུབ་རྒྱུ་རེད། ད་ལྟ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་ས་འོག་མདོང་ལམ་དྲ་བ་སྒྱུར་བཀོད་ཀྱི་རྣམ་གྲངས་ཨར་སྐྲུན་གྱི་དུམ་བུ་གཉིས་པ་དང་བཞི་པའི་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ནས་པེ་ཅིང་ལམ་ཆེན(དུས་རབས་ལམ་ཆེན་ནས་ཤམ་བྷ་ལ་ཁྲོམ་གཞུང་བར)དང་ཤར་སྐོར་ལམ(མཐུན་སྒྲིལ་ལམ་ནས་དུས་རབས་ལམ་ཆེན་བར)ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད།

    བཀག་སྡོམ་ལམ་དུམ་དང་བཀག་སྡོམ་དུས་ཚོད།

    གཅིག པེ་ཅིང་ལམ་ཆེན(དུས་རབས་ལམ་ཆེན་ནས་ཤམ་བྷ་ལ་ལམ་བར)2023ལོའི་ཟླ་9ཚེས་18ཉིན་ནས་2023ལོའི་ཟླ་10ཚེས་25ཉིན་བར།

    གཉིས། ཤར་སྐོར་ལམ(མཐུན་སྒྲིལ་ལམ་ནས་དུས་རབས་ལམ་ཆེན་གྱི་ཤར་ནུབ་བར་གྱི་ལམ་གཞོགས་གཅིག)2023ལོའི་ཟླ་9ཚེས་18ཉིན་ནས་2023ལོའི་ཟླ་11ཚེས་27ཉིན་བར།

    སྒྱུར་བཀོད་བྱེད་ས་མང་ཆེ་བ་གཞུང་ལམ་ཨ་མ་ཡིན་པས། ལས་ཡུན་ཐུང་བ་དང་ལས་འགན་ལྕི་པོ་ཡོད་སྟབས་ཨར་སྐྲུན་གྱི་ཤུགས་རྐྱེན་ཆུང་ཤོས་སུ་གཏོང་ཆེད། འཚང་གཡོལ་དང་ལམ་དུམ་དབྱེ་ནས་ཨར་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཨར་སྐྲུན་བྱེད་རིང་ལམ་གུ་དོག་ཏུ་ཕྱིན་པ་སོགས་ཀྱི་རྐྱེན་པས་རྒྱ་ཆེའི་གྲོང་མི་དང་། ཁེ་ལས་དང་བྱ་གཞག་ཚན་པ། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ཐོན་སྐྱེད་དང་འཚོ་བ། དེ་བཞིན་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པ་དང་སྟབས་མི་བདེ་བའི་གནས་ཚུལ་ཐོན་སྲིད་པ་དང་། ལམ་དེར་སྤྱི་སྤྱོད་རླངས་འཁོར་ཀྱང་དུས་གཅིག་ཏུ་གཏོང་མཚམས་འཇོག་རྒྱུ་ཡིན་པས། འགྲུལ་པ་ཚོས་དེའི་ཉེ་འགྲམ་གྱི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་བསྐྱོད་རོགས། ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱིས་ཨར་སྐྲུན་ཚན་པས་ནུས་ཤུགས་ཡོད་རྒུས་ཨར་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བར་ལྕག་སྐུལ་བྱས་ཏེ། ལམ་དུམ་ཁག་གི་འགྲིམ་འགྲུལ་བཀག་སྡོམ་གཅིག་རྗེས་གཉིས་མཐུད་ངང་མེད་པར་བཟོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།