བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མཉམ་དུ་སློབ་སྦྱོང་བྱས་ནས་ཤེས་པར་བྱེད།
ཚེས་15ཉིན། རང་སྐྱོང་ལྗོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད།
2023ལོའི་ཟླ་བཞི་པའི་ཟླ་འགོ་ནས་ཟླ་བརྒྱད་པའི་ཟླ་མཇུག་བར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་དོན་ཁང་དང་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་མཛུབ་ཁྲིད་ཞིབ་ཚགས་འོག ལྗོངས་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གཙོ་གནད་བྱེད་ཐབས་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པ་དང་། བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་པ། སྤྱི་འདོམས་འཆར་འགོད་དང་དངོས་ཕན་དོན་གཉེར། ཚད་གཞི་མཐོན་པོ་དང་སྤུས་ཚད་ལེགས་པོས་ལས་དོན་ཁག་དོན་འཁྱོལ་བྱས་པ་དང་། སློབ་སྦྱོང་ཁག་དང་པོར་ཞུགས་མཁན་ཚན་པའི་ཏང་ཡོན་ཁྲི་3.9ལྷག་ཙམ་གྱིས་སློབ་སྦྱོང་ལ་ཧུར་ཐག་ཞུགས་པ་དང་སེམས་ནུས་ཡོད་རྒུ་བཏོན་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ལ་ཕན་འབྲས་ཏན་ཏིག་ཐོན་པར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད། ཕྱོགས་བསྡུས་ཚོད་སྐོར་བྱས་པ་བརྒྱུད་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་སྤྱིའི་གདེང་འཇོག་བྱས་འབྲས“ཡག་པོས”98.23%བཟུང་བ་དང“ཅུང་ཡག་པོས”1.77%བཟུང་ཡོད།
ཟླ་8པའི་ཟླ་མཇུག་བར་དཔེ་ཀློག་འཛིན་གྲྭ་ཐེངས་113གཉེར་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་ཐེངས་615བྱས་པ། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་43དང་སློབ་སྦྱོང་ལ་ཞུགས་མཁན་ཚན་པའི་འགོ་ཁྲིད་ལས་བྱེད་པ་597གྱིས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་ཡོད། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བོད་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དང་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་ཁང་སོགས“སློབ་ཁང་གཉིས་པར”བསྐྱོད་པས། ཏང་ཡོན་དང་ལས་བྱེད་པ་མི་ཐེངས་ཁྲི་7.8ལ་སློབ་གསོ་ཐེབས་ཡོད། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་སློབ་ཁྲིད་བྱེད་སྟངས་གསར་པའི་ཆེད་དོན་27གསར་སྤེལ་བྱས་པ་དང་། ཁྱད་ལྡན་འཛིན་གྲྭ་31བཙུགས་པ། སློབ་མ་མི་ཐེངས་1271ལ་གསོ་སྦྱོང་བྱས་པ་རེད།
ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ལ་དམིགས་ནས། སློབ་སྦྱོང་ལ་ཞུགས་མཁན་ཚན་པའི་ཁོངས་མིས་གཞི་རིམ་གྱི་འཐབ་ས་དང་པོ་དང་ཁག་བགོས་ཁྱབ་ཁོངས་སུ་བསྐྱོད་དེ་བརྟག་ཞིབ་ཐེངས་800ལྷག་ཙམ་བྱས་པ་དང་། བརྟག་ཞིབ་ཀྱི་གནད་དོན་1600ལྷག་ཙམ་གསེད་བཀྲོལ་བྱས་པ། བརྟག་ཞིབ་བྱེད་རིང་གནད་དོན་1200ཙམ་ཐག་གཅོད་བྱས་པ་རེད། བསམ་ཕྱོགས་དང་གྲོས་འགོ་2800ལྷག་ཙམ་བཏོན་པ་དང་བརྟག་ཞིབ་ཀྱི་གྲུབ་འབྲས་600ཙམ་གཞན་སྒྱུར་ལ་སྐུལ་འདེད་བཏང་བས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
“སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། ལམ་ལུགས་512གསར་འཛུགས་དང་། ལམ་ལུགས་339བཟོ་བཅོས། ལམ་ལུགས་125མེད་པར་བཟོ་བ་བཅས་བྱས་ནས། སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་ཁག་340ལྷག་ཙམ་ནས་དོན་ཚན་ཁག་185བར་ཉུང་དུ་བཏང་སྟེ། གནད་དོན་ངོ་མ་ཐག་གཅོད་བྱས་ཡོད།
སློབ་སྦྱོང་བྱེད་ཀྱིན་དུ་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་བྱེད་པ་དང་གནད་སྨིན་ཤུགས་འདོན་དང་གནད་འཁེལ་བཅོས་སྐྱོང་བྱས་ཏེ། སྤུས་ཚད་ལེགས་པོ་དང་ཚད་གཞི་མཐོན་པོས་དག་ཐེར་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་བཏང་ཡོད། ཟླ་བརྒྱད་པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་གནད་དོན་762བཤེར་འདོན་བྱས་པ་དང་དག་ཐེར་བྱེད་ཐབས་2305བཟོས་པ། ཆེད་དོན་བཅོས་སྒྲིག་གི་གནད་དོན་20གཏན་འཁེལ་བྱས་པ་དང་དག་ཐེར་བྱེད་ཐབས་91བཟོས་པ། དག་ཐེར་གྱི་གནད་དོན་750དང་ཆེད་དོན་བཅོས་སྒྲིག་གི་གནད་དོན་17ལེགས་སྒྲུབ་བྱས་པ་རེད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ང་ཚོས་དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཡོད། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་ཤུགས་ཆེན་བསྟར་ཏེ། མ་དངུལ་སྒོར་དུང་ཕྱུར་137བཏང་ནས་དམངས་འཚོའི་བྱ་བ་དངོས་21བསྒྲུབས་པ་དང་སློབ་སྦྱོང་ལ་ཞུགས་མཁན་ཚན་པས་དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་1332བཟོས་ནས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་1497བསྒྲུབས་པ་དང་། ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི“རེ་བ་ཆུང་ངུ”སྒྲུབ་རོགས་བྱས་པ། ལས་ཐོག་ཏང་ཡོན་ལ“འབྱོར་ཐོ་གཉིས་འགོད”ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་སྲིད་ཇུས་སྒྲོག་འགྲེལ་དང་། བཅའ་ཁྲིམས་རོགས་སྐྱོར། བདེ་ཐང་འོས་འགན་སྨན་བཅོས། རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་སོགས་དང་བླངས་ཞབས་ཞུ་རུ་ཁག་1000ལྷག་ཙམ་བཙུགས་ཏེ། མང་ཚོགས་ཀྱིས་རེ་བ་བཏོན་པ་དང་། རྩ་འཛུགས་ཀྱིས་མི་སྣ་བཀོད་སྒྲིག་བྱེད་པ། ཏང་ཡོན་གྱིས་དང་ལེན་བྱེད་པ་བཅས་ཀྱི་རྣམ་པ་སྤྱད་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཡོད།