དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི“སྙིགས་མེད་གྲོང་ཁྱེར”གྱི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-18

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཏེན་ཅང་རྫོང་གི་ཤར་རྒྱུད་ཁུལ་གསར་གྱི་སན་ཧོ་མཚོ་འདམ་རའི་སྤྱི་གླིང་གི་མཛེས་ལྗོངས་ཡིན་པ།

    མིག་སྔར་གད་སྙིགས་གཙང་སེལ་བྱེད་སྟངས་ཀྱི་སྒྱུར་བཅོས་ནི་ཨུ་རུ་སུའི་སྲིད་གཞུང་གི་ཐག་གཅོད་བྱེད་གལ་ཆེ་བའི་ལས་དོན་གྱི་གྲས་ཤིག་རེད། ཁྱབ་ཁོངས་དེར་ཨུ་རུ་སུས་ཀྲུང་གོར་སློབ་སྦྱོང་བྱས་ན་ཆོག་གི་ཡོད།

    ཀྲུང་གོའི་གད་སྙིགས་གཙང་སེལ་བྱེད་སྟངས་སྒྱུར་བཅོས་བྱེད་བཞིན་ཡོད་པ་དཔེར་ན། ལྗང་མདོག་ལག་རྩལ་གྱི་ཕན་པ་ཐོབ་ནས་ཁྲུང་ཆིང་དེ་སྐྱེ་ཁམས་ཅན་གྱི་གྲོང་ཁྱེར་དུ་འགྱུར་རྒྱུ་རེད། ཁྲུང་ཆིང“སྙིགས་མེད་གྲོང་ཁྱེར”ཁག་དང་པོའི་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར་གྱི་གྲས་སུ་བདམས་ནས་ས་གནས་དེ་གའི་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་གི་བཟོ་ལས་གླིང་ཆེ་གྲས་བསྐྲུན་རྒྱུ་རེད།

    2017ལོ་ནས་བཟུང་། ཁྲུང་ཆིང་གིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་ལག་རྩལ་སྤྱོད་བཞིན་ཡོད། ས་གནས་དེ་གའི་མཁའ་རླུང་གི་སྤུས་ཚད་དང་འཐུང་ཆུའི་སྤུས་ཚད་ཚང་མར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། གསར་སྐྲུན་བྱས་པའི་གྲོང་མིའི་སྡོད་ཁང་ཁུལ་དུ་ས་ཁོངས་ཀྱི་གསུམ་ཆ་གཅིག་ཙམ་ནི་སྔོ་འགྱུར་ཁུལ་རེད།

    ཁྲུང་ཆིང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཀྲུང་གོའི་ལས་གྲྭ་ཡག་ཤོས་ཀྱི་གྲས་ཤིག་ལ་བརྩི་ཡི་ཡོད། གྲོང་ཁྱེར་དེའི་མཐའ་འཁོར་དུ་ད་དུང་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་ས་200ཙམ་བསྐྲུན་ཡོད། དེ་གར་ལོ་ལྟར་སྲ་གཟུགས་ཀྱི་བཟོ་ལས་གད་སྙིགས་འབོར་ཆེན་ཐོན་པ་དག་ས་གནས་དེས་ལྗང་མདོག་ལག་རྩལ་སྤྱད་དེ་ཐག་གཅོད་བྱེད་བཞིན་ཡོད། མིག་སྔར་ཁྲུང་ཆིང་དུ་གད་སྙིགས་ཀྱི་97%ཙམ་གཙང་སེལ་ཐུབ་ཀྱི་ཡོད།

    —— ཨུ་རུ་སུའི“རང་མོས་སྨྱན་སྦྱོར”ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།