ཀྲུང་གོའི་འཛད་སྤྱོད་པས་འཛད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་སུ་གནས་པའི་བཟའ་བཏུང་ཁེ་ལས་རྙིང་པ་ཞིག་ཏུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་ཡུལ་སྐོར་བར་ཁྱད་ཆོས་ལྡན་པའི་ཟས་རིགས་ཆན་ཀྲང་པའོ་བཟོ་སྟངས་སློབ་བཞིན་པ།
ཉེ་ཆར། བརྟག་དཔྱད་བྱས་འབྲས་གཉིས་ལས་མངོན་པར། ཟླ་བརྒྱད་པར་ཀྲུང་གོའི་འཛད་སྤྱོད་པས་འཛད་སྤྱོད་བྱེད་ཚད་མང་དུ་ཕྱིན་ཡོད། ཨ་རིའི་དངུལ་ཁང་གིས་ཟླ་གཉིས་བརྟག་དཔྱད་བྱས་པ་ལས། ཟླ་དྲུག་པ་དང་བསྡུར་ན་ཀྲུང་གོའི་འཛད་སྤྱོད་པས་ལོ་འཇུག་གི་ཟླ་6ནང་འཛད་སྤྱོད་ཀྱི་གཏོང་སྒོ་མང་དུ་གཏོང་རྩིས་ཡོད་པ་མ་ཟད། རིན་གོང་མཐོ་བའི་ཚོང་ཟོག་ཉོ་བའི་བསྡུར་ཚད་མཐོ་རུ་ཕྱིན་པ་མངོན་ཡོད།
ཟླ་བརྒྱད་པར་ཨ་རིའི་བློ་འདོན་ཀུང་སི་ཞིག་གིས་ཀྲུང་གོའི་འཛད་སྤྱོད་པའི་འཛད་སྤྱོད་བྱེད་ཚད་མང་དུ་ཕྱིན་པའི་ཚོད་སྐོར་བྱས་ཡོད། ཟླ་བདུན་པར་ཀྲུང་གོའི་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དེ(CPI)2021ལོ་ཚུན་གྱི་དུས་མཚུངས་ལས་ཐོག་མར་ཆག་ཡོད། འོན་ཀྱང་འཕར་ཆག་བྱུང་སླ་བའི་བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་རྗེས་ལྟེ་བའི་CPIསྔར་བཞིན་དུས་མཚུངས་ལས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཧེང་ཧྲེང་དངུལ་ཁང(ཀྲུང་གོ)ཚད་ཡོད་ཀུང་སིའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཝང་ཏན་གྱིས། ལྟེ་བའི་CPIསྔར་བཞིན་འཕར་བ་ལས་ཀྲུང་གོའི་རྒྱལ་ནང་གི་དགོས་མཁོ་ཆེ་རུ་ཕྱིན་པ་མངོན་ནས། འབྱུང་འགྱུར་ཟླ་བ་འགའི་རིང་འཛད་སྤྱོད་ལ་སྐྱེ་བོ་ཀུན་དགའ་འོས་པའི་འཕེལ་རྒྱས་ཡོང་སྲིད་ཅེས་བཤད།
ཉེ་ཆར། མོ་ཀེན་ཧྲི་ཏན་ལི་མ་རྩ་རྒྱལ་སྤྱིའི་ཀུང་སིས་བཟོས་པའི་ཀྲུང་གོའི་དགོས་ངེས་མིན་པའི་འཛད་རྫས་ཀྱི་སྟོན་གྲངས་3.2%ཙམ་འཕར་བ་དང་། དེས་ཉེ་བའི་ཟླ་གཅིག་རིང་གི་འཕར་ཚད་ཆེ་ཤོས་གཏོད་ཐུབ་བཟོ་ཡོད།
—— ཨ་རིའི་ཕེང་པོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།