དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-18

     ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་དུ་གཏོང་བ།

    ཉེ་ཆར། ཀྲུང་གོ་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་ལ་རྒྱབ་སྐྱོར་དང་གློག་སྒུལ་རླངས་འཁོར་དང་རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་བྱེད་ཐབས་ཁག་20ཁྱབ་བསྒྲགས་བྱས་པ་རེད། བྱེད་ཐབས་དེ་དག་གི་དམིགས་ཡུལ་ནི་རིན་གོང་དེ་བས་མཐོ་བའི་འཛད་སྤྱོད་ཚོང་ཟོག་ཆེ་གྲས་ཐད་ཀྱི་གཏོང་སྒོ་བརྟན་དུ་གཏོང་བ་དང་ཆབས་ཅིག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་ཞན་ས་ཁུལ་གྱི་འཛད་སྤྱོད་ཀྱི་ཞན་ཆ་སེལ་ཆེད་རེད།

    ཀྲུང་གོས་གྲོང་གསེབ་དང་མང་ཚོགས་ཀྱི་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་བྱེད་ཐབས་ནང་འཛད་སྤྱོད་པས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཚུད་ཡོད། ཀྲུང་གོས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྐབས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་བྱ་ཐབས་ལག་བསྟར་གྱི་དུས་ཡུན་རིང་དུ་བཏང་བ་མ་ཟད། ད་དུང་སྔོན་ནས་གློག་གསོག་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་འོས་འཚམ་བྱེད་དགོས་པ་དང་འབྲེལ་བྱེད་ཐབས་གཞན་དག་བཏོན་ནས་གློག་སྒུལ་རླངས་འཁོར་གྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་དགོས་པའི་བླང་བྱ་ཡང་བཏོན་ཡོད། དེ་མིན་གྱི་འཛད་སྤྱོད་ཚོང་ཟོག་ཆེ་གྲས་ཀྱི་ངོས་ནས་བརྗོད་ན། གསར་དུ་བཏོན་པའི་བྱེད་ཐབས་ནང་ད་དུང་ཁང་པའི་ནང་རྦད་དེ་རིག་ནུས་ཡིན་པའི་སྒྲིག་སྦྱོར་གཞི་གཅིག་ཅན་སོགས་ལ་ལྕག་སྐུལ་ཡང་བྱས་ཡོད།

    —— ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།