ཀྲུང་གོའི་ནུས་རྒྱུ་གཙང་མ་ལས་གློག་འདོན་ཚད་མུ་མཐུད་འཕར་བཞིན་པ།
འདི་ནི་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཧྲན་ཀའོ་རྫོང་ཧན་ཐང་གྲོང་རྡལ་ཤ་ཧྲན་གྲོང་ཚོར་གནས་པའི་འོད་ཤུགས་གློག་ཁང་གི་རྟེན་གཞི་ཡིན་པ།
ཀྲུང་གོའི་ནུས་རྒྱུ་གཙང་མ་ལས་གློག་འདོན་ཚད་མུ་མཐུད་འཕར་བའི་རྣམ་པ་མངོན་བཞིན་ཡོད། ཀྲུང་གོའི་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་བདུན་པའི་ཟླ་མཇུག་བར། ཀྲུང་གོའི་ཉི་ནུས་ལས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་4.9ཙམ་ཟིན་པ་དེ་དུས་མཚུངས་ལས་42.9%ཙམ་འཕར་བ་དང་། ཕྱོགས་གཞན་ཞིག་ནས། རླུང་ནུས་ལས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་3.9ཙམ་ཟིན་པ་དེ་དུས་མཚུངས་ལས་14.3%འཕར་ཡོད།
ཀྲུང་གོས་བསྐྱར་སྐྱེས་ནུས་རྒྱུར་མ་དངུལ་གཏོང་རྒྱུ་སྔོན་ལ་འཇོག་པའི་གནས་བབ་ཐོག་བཞག་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཉི་ནུས་གློག་གཏོང་ཐད། ཀྲུང་གོའི་གློག་གཏོང་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭར་མ་དངུལ་གཏོང་ཤུགས་དེ་དུས་མཚུངས་ལས་108.7%ཆེས་ཆེར་འཕར་ནས་མི་དམངས་ཤོག་སྒོར་དུང་ཕྱུར་1612ཟིན་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ཁ་གཏད་གཅོག་པའི་འཐབ་ཇུས་ཞིབ་འཇུག་དང་རྒྱལ་སྤྱིའི་མཉམ་ལས་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། འདས་པའི་ལོ་10ཡི་རིང་། ཀྲུང་གོ་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཚན་རྩིས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་མངོན་གསལ་དོད་པོས་ཆག་ཡོད། གཞན་ཡང་། ཀྲུང་གོའི་ནགས་ཚལ་ཁེབས་ཚད་24.02%བར་ཆེས་ཆེར་འཕར་བ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་ངོས་གྲུ་194.93བར་ཟིན་ཏེ་2025ལོའི་དམིགས་ཚད་ཚད་བརྒལ་ངང་ལེགས་འགྲུབ་ཐུབ་ཡོད།
—— ལ་ཏིང་མེ་ཀྲོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།