དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-18

     འདི་ནི་ཉེ་ཆར“བསྐྱར་དར་རྟགས་ཅན”གྱི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་ཞིག་ཧུའུ་ཧོ་ཧའོ་ཐེ་ནས་ཝུའུ་ལན་ཁྲ་པུའུ་དུམ་བུར་སྐྱོད་བཞིན་པ།

    ད་ཆ་ཀྲུང་གོར་ཤོག་བུའི་མེ་འཁོར་སྤ་སེ་བེད་སྤྱོད་གཏོང་མཁན་མེད། ཐོབ་ཐང་ལག་ཁྱེར་དྲད་ན་མེ་འཁོར་དུ་སྡོད་ཐུབ་ཀྱི་ཡོད་ལ། མེ་འཁོར་འབབ་ཚུགས་མང་ཆེ་བར་འགྲུལ་པས་རང་འགུལ་སྐས་ཀ་བསྡད་ན་སྒུག་སྡོད་ཁུལ་ནས་ཚུགས་སྟེགས་སུ་འབྱོར་ཐུབ་ཀྱི་ཡོད། དེར་མ་ཟད། འགྲུལ་པ་ཚོས་ཚུགས་སྟེགས་ནས་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་མཐོང་ཐུབ་པ་སྟེ། ལྕགས་ལམ་བཅུ་ཙམ་མདུན་ཕྱོགས་སུ་བསྲིངས་ཡོད་པ་དང་། དེའི་ཐོག་མེ་འཁོར་དཀར་པོ་ཞིག་གཡུ་འབྲུག་སྔོན་མོ་འཁྱུག་པ་ལྟར་མདུན་དུ་སྐྱོད་བཞིན་ཡོད།

    ཀྲུང་གོས་སྔོན་ཆད་ཀྱི་ལོ་10ལྷག་ཙམ་རིང་སྤྱི་ལེ་ཁྲི་4ལྷག་ཙམ་ཟིན་པའི་མྱུར་བགྲོད་ལྕགས་ལམ་བསྐྲུན་པ་དེ་ནི་སའི་གོ་ལའི་ཐིག་དམར་ལ་སྐོར་བ་གཅིག་བརྒྱབ་པ་དང་མཚུངས་ཤིང་། དེས་འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་བསྡོམས་འབོར་གྱི་གསུམ་ཆ་གཉིས་ཡན་བཟུང་གི་ཡོད།

    རྒྱལ་ཡོངས་ཀྱི་ལྷོ་བྱང་དང་ཤར་ནུབ་ལྕགས་ལམ་མང་པོས་ས་རྒྱ་ཆེ་བའི་རྒྱལ་ཁབ་དེ་སྔར་བས་དམ་པོར་སྦྲེལ་ཡོད། མྱུར་བགྲོད་ལྕགས་ལམ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཙམ་ཟིན་གྱི་ཡོད། དེ་ཐོག་ནས་པེ་ཅིང་ནས་ཧྲང་ཧའེ་བར་འགྲུལ་བཞུད་བྱེད་པར་ཆུ་ཚོད་4དང་ཕྱེད་ཀ་ཙམ་ལས་མི་དགོས་པ་མཚོན་པ་དང་། པེ་ཅིང་ནས་ཤང་ཀང་བར་ལམ་ཐག་སྤྱི་ལེ་2000ཙམ་ཡོད་ཀྱང་། མྱུར་བགྲོད་ལྕགས་ལམ་དུ་ཆུ་ཚོད་9ཙམ་ལས་དགོས་ཀྱི་མེད།

    སྔོན་ཆད་ཀྲུང་གོ་བས་ནང་མིར་ལྟ་བ་དང་། སྤྲོ་གསེང་དུ་སྐྱོད་པ། ཚོང་དོན་ཚོགས་འདུར་ཞུགས་པ་བཅས་བྱེད་དགོས་ཚེ། ལམ་བར་དུ་ཉིན་མཚན་གཉིས་གསུམ་སྐྱོད་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་ཆུ་ཚོད་ཁ་ཤས་ལས་དགོས་ཀྱི་མེད། གལ་ཏེ་ཁྱེད་ཀྱིས་ཀྲུང་གོ་བ་ཞིག་ལ་ཕུགས་བསམ་གང་ཡོད་དམ་ཞེས་དྲིས་ཚེ། མི་འགའ་ཤས་ཀྱིས་རང་ཉིད་ཀྱི་ཕ་ཡུལ་དུ་མྱུར་བགྲོད་ལྕགས་ལམ་གྱི་འབབ་ཚུགས་ཤིག་བསྐྲུན་རྒྱུ་དེ་ཡིན་ཞེས་ཤོད་སྲིད། ཀྲུང་གོའི་ལྕགས་ལམ་སྡེ་ཚན་གྱིས་འདི་ལོའི་དབྱར་དུས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཁྱབ་བསྒྲགས་བྱས་པ་སྟེ། གཟའ་འཁོར་ཁ་ཤས་ནང་མི་ཐེངས་དུང་ཕྱུར་7ཙམ་མེ་འཁོར་ལ་བསྡད་ཡོད།

    ཀྲུང་གོ་བའི་ངོས་ནས་བརྗོད་ན། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་400ཟིན་པའི“བསྐྱར་དར་རྟགས་ཅན”དེ་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

    —— འཇར་མན་གྱི《ཏེ་དབྱི་ཀྲི་ལྷོ་མའི་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།