དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2022ལོར་རང་རྒྱལ་གྱི་ཀུན་སྤྱོད་མཁའ་འགྲུལ་གྱི་འཕུར་སྐྱོད་དུས་ཡུན་ཆུ་ཚོད་ཁྲི་120ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-18

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་འགོ་ཚུགས་པའི་ཀྲུང་གོ་ཐེན་ཅིན་རྒྱལ་སྤྱིའི་ཐད་འཕུར་གནམ་གྲུའི་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་ཐོག་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཁྱབ་བསྒྲགས་བྱས་པའི《དམངས་སྤྱོད་ཐད་འཕུར་གནམ་གྲུའི་ཀྲུང་གོའི་ཁྲོམ་རའི་སྔོན་དཔག་གི་ལོ་འཁོར་སྙན་ཞུ(2023-2032)》ལས་མངོན་པར། 2022ལོར་ཀྲུང་གོའི་ཀུན་སྤྱོད་མཁའ་འགྲུལ་གྱི་འཕུར་སྐྱོད་དུས་ཡུན་ཆུ་ཚོད་ཁྲི་121.9ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཞིང་། དམངས་སྤྱོད་ཐད་འཕུར་གནམ་གྲུའི་འཕུར་སྐྱོད་དུས་ཡུན་ཆ་སྙོམས་ཆུ་ཚོད་ཁྲི་20ཟིན་ཡོད།

    ལོ་འཁོར་གྱི་སྙན་ཞུ་ལས་མངོན་དོན། 2022ལོའི་ལོ་མཇུག་ཏུ་ཀྲུང་གོ་ཀུན་སྤྱོད་མཁའ་འགྲུལ་འཕྲུལ་ཆས་རུ་ཁག་གི་གཞི་ཁྱོན་གནམ་གྲུ་3186ཟིན་པ་དེ་གནམ་གྲུ་168དངོས་སུ་མང་དུ་ཕྱིན་ཡོད། དེའི་ནང་དམངས་སྤྱོད་ཐད་འཕུར་གནམ་གྲུའི་རུ་ཁག་གི་གཞི་ཁྱོན་གནམ་གྲུ་1037ཡོད་ཅིང་། ཡང་བའི་ཐད་འཕུར་གནམ་གྲུ་ནི་སྔར་བཞིན་རང་རྒྱལ་གྱི་དམངས་སྤྱོད་ཐད་འཕུར་གནམ་གྲུའི་རུ་ཁག་གི་གཙོ་ཤུགས་དམག་ཡིན་པ་དང་དེས་40%བཟུང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།