དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དེང་རབས་ཚན་རྩལ་ཁང་ཁོངས་གཏོགས་ཀྱིས་དྲ་ཕྱི་ནས་མང་ཚོགས་མི་ཐེངས་དུང་ཕྱུར་10ལྷག་ཙམ་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-18

    ཉེ་ཆར་གསར་འགོད་པར་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། 2012ལོར་སྐྲུན་འགོ་ཚུགས་པ་ནས་ད་བར་དུ། རང་རྒྱལ་གྱི་དེང་རབས་ཚན་རྩལ་ཁང་ཁོངས་གཏོགས་ཀྱིས་དྲ་ཕྱི་ནས་མང་ཚོགས་མི་ཐེངས་དུང་ཕྱུར་10ལྷག་ཙམ་ལ་ཞབས་འདེགས་ཞུས་ནས། ཚན་རིག་ཁྱབ་གདལ་དྲང་གཞག་ཀུན་ཕན་ཡོང་བར་སྐུལ་འདེད་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད།

    2012ལོར། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་དེང་རབས་ཚན་རྩལ་ཁང་སྐྲུན་འགོ་ཚུགས་ཤིང་། ལོ་10ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། ཚད་ལོན་པའི་དངོས་གཞིའི་ཚན་རྩལ་ཁང་446དང་། སྐོར་སྐྱོད་ཚན་རྩལ་ཁང་657 ཚན་རིག་ཁྱབ་གདལ་ཁེབས་ཡོད་རླངས་འཁོར་1764 གྲོང་གསེབ་སློབ་འབྲིང་ཚན་རྩལ་ཁང་1124 ཀྲུང་གོ་གྲངས་འཛིན་ཚན་རྩལ་ཁང“ཕྱོགས་ལྔ་གཞི་གཅིག” རྒྱལ་ཡོངས་ལ་ཁྱབ་པའི་ཚན་རིག་ཁྱབ་གདལ་རྨང་གཞིའི་སྒྲིག་བཀོད་མ་ལག་བཅས་བཙུགས་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་ཚད་ལོན་དངོས་གཞིའི་ཚན་རྩལ་ཁང་ཞིང་ཆེན་རིམ་པ་ཚང་མར་ཁྱབ་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་65.9%ལ་ཁྱབ་ཡོད། རྫོང་རིམ་པའི་ཚན་རྩལ་ཁང་220ལྷག་ཙམ་ཡོད། 2013ལོ་ནས་2022ལོའི་བར། རྒྱལ་ཡོངས་ཀྱི་ཚད་ལོན་དངོས་གཞིའི་ཚན་རྩལ་ཁང་གིས་དྲ་ཕྱི་ནས་མང་ཚོགས་མི་ཐེངས་དུང་ཕྱུར་5.2ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།