དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གཉིས་པས་ལྷོ་ཁ་གྲོང་ཁྱེར་དུ་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-18

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གཉིས་པ་ལྷོ་ཁ་གྲོང་ཁྱེར་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་མཉམ་དུ་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ལ་གཞོགས་འདེགས་བྱས་ཤིང་། ལྟ་ཞིབ་ཚོགས་ཆུང་གིས་ཆེད་དོན་ཚན་ཁག་གི་མི་སྣ་བཀོད་སྒྲིག་དང་ལས་དོན་འཕེལ་རིམ་སོགས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་ལས་བྱེད་ལས་བཟོ་དང་སྤེལ་རེས་བྱས་པ་དང་སྦྲགས། གཞུང་དོན་ཁང(མཐུན་སྦྱོར་འབྲེལ་གཏུག་ཚོགས་ཆུང)གིས་ཆ་འཕྲིན་མཉམ་སྤྱོད་ཡག་པོ་བྱས་ཏེ་ལྟ་ཞིབ་ཚོགས་ཆུང་གིས་ལས་དོན་སྤེལ་བར་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་དང་། དག་ཐེར་སྒྲུབ་སྐུལ་ཚོགས་ཆུང་གིས་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་གནད་དོན་གཙོ་བོ་རེ་རེར་དབྱེ་ཞིབ་མཐའ་དཔྱོད་བྱས་ཐོག་ངོ་བོ་གཏན་འཁེལ་དང་ཐག་གཅོད་གནད་དུ་སྨིན་པ་བྱས་ནས་གནད་དོན་རྦད་དེ་དག་ཐེར་དང་དག་ཐེར་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ལྟ་ཞིབ་ཚོགས་ཆུང་གིས་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཐོག་ཆེད་དོན་ཚན་ཁག་གཞན་དག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་དང་དཀའ་ངལ་ལ་མཉམ་དུ་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་དགོས། རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་གཏོགས་ཁོངས་ཀྱི་འགན་འཁྲི་དང་ལས་རིགས་ཀྱི་འགན་འཁྲི་ནན་འཁུར་ཐོག་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་རོགས་བྱས་ཏེ་ཞབས་ཞུ་འགན་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དཔྱད་གཞི་ལེགས་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་དགོས་ཤིང་། ཆེད་མི་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་དཔྱད་གཞི་འཚོལ་སྡུད་ལེགས་སྒྲིག་དང་ཡིག་ཚགས་ནང་བཅུག་སྟེ་སྤྱི་བསྡོམས་སོགས་བྱེད་པ་དང་འབྲེལ་རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་དཔྱད་གཞི་འཚོལ་སྡུད་ལེགས་སྒྲིག་དང་ལྟ་འཐེན་རམ་འདེགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་ནས། དཔྱད་གཞི་ཁག་ཞིབ་ཅིང་བདེན་ལ་ཕུན་སུམ་ཚོགས་པ་དང་། ལྟ་བདེ་ལ་ཚད་དང་ལྡན་པར་བྱེད་དགོས། དཔྱད་གཞི་དང་རྩིས་ཁྲའི་དངོས་བདེན་རང་བཞིན་དང་ཡང་དག་རང་བཞིན་ལ་དོ་སྣང་བྱས་ནས་ཆད་ལུས་ཤོར་བ་དང་མི་བདེན་རྫུན་བཟོ་སོགས་གཏན་འགོག་བྱེད་དགོས། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གཉིས་པས་བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་ཚང་མ་བདག་སྤྲོད་བྱས་ཏེ་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ་ལས་ཕྱིའི་རྒྱུ་རྐྱེན་ལ་ཁ་གཡར་མི་ཆོག ལས་ཀ་བྱེད་དུས་འགོ་ཡོད་ལ་མཇུག་ཡོད་པའི་རྩ་དོན་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་བའི་ངང་དག་ཐེར་མཐའ་གཅིག་ཏུ་བྱེད་པ་ལས་སྟབས་བདེ་པོའི་འགན་འདེད་ཀྱིས་དག་ཐེར་གྱི་ཚབ་བྱེད་པ་དང་དེ་བཞིན་འགན་འདེད་རབ་རོབ་ཅན་དང་སྟབས་བདེ་ཅན་དུ་འགྱུར་བ་སོགས་ཀྱི་བྱེད་སྤྱོད་མི་ཐོན་པར་བྱེད་དགོས་པ་དང་འབྲེལ་གཅིག་དཔེ་བརྒྱ་འགེབས་དེ་བས་ཀྱང་བྱེད་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།