དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།

    རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འཕྲིན་ལན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-18

    བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ།

    ཁྱེད་ཚོ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་ནས། བྱང་ཤར་སློབ་ཆེན་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་མི་སྐྱོང་རྒྱལ་དར་ལས་འགན་དུ་ཁུར་ཏེ། སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་པ་དང་ཤེས་ལྡན་མི་སྣ་ཕུལ་བྱུང་འབོར་ཆེན་གསོ་སྐྱོང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་བ་ཤེས་རྟོགས་བྱུང་། བྱང་ཤར་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བའི་སྐབས་འདིར། ངས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲོགས་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

    འགོ་འཛུགས་ས་གསར་པར། བྱང་ཤར་སློབ་ཆེན་གྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་རྒྱུ་མཐའ་འཁྱོངས། མུ་མཐུད་སྒྱུར་བཅོས་གསར་གཏོད། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་། ལེགས་ཆ་ལྡན་པའི་རིག་ཚན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་ཞིབ་གྲུབ་འབྲས་ཟམ་མི་ཆད་པར་བཏོན་ནས་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་།

    2023ལོའི་ཟླ་9ཚེས་15ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ། བྱང་ཤར་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བའི་སྐབས་སུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། བྱང་ཤར་སློབ་ཆེན་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་མི་སྐྱོང་རྒྱལ་དར་ལས་འགན་ཁུར་ཏེ། སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་པ་དང་ཤེས་ལྡན་མི་སྣ་ཕུལ་བྱུང་འབོར་ཆེན་གསོ་སྐྱོང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་ཡོད།

    ཞི་ཅིན་ཕིང་གིས་འགོ་འཛུགས་ས་གསར་པར། བྱང་ཤར་སློབ་ཆེན་གྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས། མུ་མཐུད་སྒྱུར་བཅོས་གསར་གཏོད། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་། ལེགས་ཆ་ལྡན་པའི་རིག་ཚན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་ཞིབ་གྲུབ་འབྲས་ཟམ་མི་ཆད་པར་གཏོད་ནས་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། (འཕྲིན་ལན་གྱི་ནང་དོན་ཆ་ཚང་ལོགས་སུ་འགོད་ཡོད)

    བྱང་ཤར་སློབ་ཆེན་1923ལོར་བཙུགས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། སློབ་གྲྭ་དེས་ཤེས་ལྡན་པ་གསོ་སྐྱོང་དང་ཚན་རྩལ་གསར་གཏོད་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་བྱང་ཤར་དར་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉེ་ཆར། བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལོ་བརྒྱའི་རིང་གི་སློབ་གྲྭའི་སློབ་གཉེར་ལག་ལེན་སྙན་སེང་ཞུས་པ་མ་ཟད། དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་དར་རྒྱས་ཀྱིས་མཁོ་འདོན་བྱས་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་དང་ཕ་ཡུལ་གྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།