དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་16ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅོ་བརྒྱད་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་། སློབ་གསོ་དར་རྒྱས་བྱུང་ཚེ་རྒྱལ་ཁབ་དར་བ་དང་། སློབ་གསོ་སྟོབས་ཆེར་སོང་ཚེ་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་སྔོན་ཁྲིད་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གྱི་འདེགས་སྐྱོར་གལ་ཆེན། མི་དམངས་ཡོངས་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་འདུ་འགོད་བཅས་ཡིན་པའི་ནན་བཤད་གནང་ཡོད།

    རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཕུགས་ཀྱི་ཇུས་ཆེན་དང་ཏང་གི་ཕུགས་ཀྱི་ཇུས་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོ་དེང་རབས་ཅན་ལ་གང་མགྱོགས་འགྱུར་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ཏེ། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བཀོད་པའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད། དེར་བརྟེན། རང་རྒྱལ་གྱིས་འཛམ་གླིང་ལ་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་ཅིག་བསྐྲུན་ཟིན་ནས་སློབ་གསོ་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་འཛམ་གླིང་གི་རྒྱལ་ཁབ་འབྲིང་སྟོད་ཀྱི་གྲས་སུ་སླེབས་ཀྱི་ཡོད།

    དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སློབ་གསོའི་ཚན་རྩལ་ཤེས་ལྡན་པའི་སྐོར་ལ་ལེའུ་ལོགས་སུ་བཀོད་པ་དེ་ལས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་འཛུགས་སྐྲུན་བྱེད་པའི་དུང་སྒྲ་བསྒྲགས་ཡོད། ང་ཚོས་སྐྲུན་དགོས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྩ་བའི་འགན་ལེན་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་རྩ་བའི་ལས་འགན། ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་རྩ་བའི་དམིགས་ཚད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཞབས་འདེགས་ཞུ་རྒྱུ་ལས་འགན་གལ་ཆེན། སློབ་གསོའི་འདུ་ཤེས་དང་། མ་ལག ལམ་ལུགས། ནང་དོན། བྱ་ཐབས། བཅོས་སྐྱོང་བཅས་དེང་རབས་ཅན་དུ་འགྱུར་རྒྱུ་རྩ་བའི་ཐབས་ལམ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་རྒྱུ་ལྟེ་བའི་བྱེད་ནུས་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མཐར་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་ཡིན་ཞེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།