དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མགོ་ལོག་ཏུ་ལས་རིགས་སློབ་གསོས“ཐོན་སློབ་མཉམ་འདྲེས”བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-16

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ལས་རིགས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་རིགས་སློབ་གསོའི་སློབ་གཉེར་གྲུབ་ཆ་ལེགས་སུ་བཏང་བ་མ་ཟད། ལས་ཞུགས་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ། སློབ་ན་མ་སོན་གོང་གི་སློབ་གསོ་དང་། བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན། རླངས་འཁོར་བཀོལ་སྤྱོད་དང་ཉམས་བཟོ། སྐྲ་བཟོ་དང་གཟུགས་བརྙན་ཇུས་འགོད་སོགས་ཁྱད་ལྡན་ཆེད་ལས་བཙུགས་ནས། ཤེས་ལྡན་པ་གསོ་སྐྱོང་དང་ཐོན་ལས་འཁོར་འབྲེལ་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་ཡོད་ལ། ལས་རིགས་སློབ་གསོའི་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་ཡང་རྒྱ་ཆེར་བཏང་ཡོད།

    འདི་ནི་ཟླ་9ཚེས་8ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ལས་རིགས་ལག་རྩལ་སློབ་གྲྭར་བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་ཆེད་ལས་སློབ་མས་སློབ་ཁྲིད་དགེ་རྒན་གྱི་རྗེས་སུ་འབྲངས་ནས་བོད་ལུགས་གསོ་རིག་སྐོར་གྱི་ཐང་གར་ལྟ་བཞིན་པ།

    འདི་ནི་ཟླ་9ཚེས་8ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ལས་རིགས་ལག་རྩལ་སློབ་གྲྭར་སྐྲ་བཟོ་དང་གཟུགས་བརྙན་ཇུས་འགོད་ཆེད་ལས་ཀྱི་སློབ་མས་མཛེས་བཟོའི་དངོས་སྦྱོང་སློབ་ཚན་སྦྱོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།