པེར་ཀྲེམ་གྱི་སྦི་རག་འགྲེམས་སྟོན་ཁང་སྒོ་ཕྱེ་བ།
འདི་ནི་མི་རྣམས་སྦི་རག་འགྲེམས་སྟོན་ཁང་གི་མདུན་ནས་འགྲོ་བཞིན་པ།
འདི་ནི་ལྟད་མོ་བས་སྦི་རག་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ལྟད་མོ་བས་སྦི་རག་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
ཉིན་ཤས་གོང་། པེར་ཀྲེམ་གྱི་སྦི་རག་འགྲེམས་སྟོན་ཁང་གྲོང་ཁྱེར་པུ་རུ་སེར་དུ་སྒོ་ཕྱེ་ཞིང་། སྦི་རག་ལ་དགའ་པོ་ཡོད་མཁན་དང་ཡུལ་སྐོར་བ་མང་པོ་ཞིག་ལྟ་སྐོར་ལ་ཡོང་ཡོད། པེར་ཀྲེམ་གྱི་སྦི་རག་འགྲེམས་སྟོན་ཁང་སྐྲུན་པའི་དམིགས་ཡུལ་ནི་སྦི་རག་ལ་དགའ་པོ་ཡོད་མཁན་དང་ཡུལ་སྐོར་བའི་འདུ་འཛོམས་བྱ་ཡུལ་དུ་གྱུར་པར་བྱས་ནས་པེར་ཀྲེམ་གྱི་སྦི་རག་རིག་གནས་མངོན་པར་བྱ་རྒྱུ་དེ་རེད། འདི་གར། མི་རྣམས་ཀྱིས་སྦི་རག་སྙོལ་བའི་ལོ་རྒྱུས་དང་སྦི་རག་སྙོལ་བའི་བརྒྱུད་རིམ་ཉམས་ལེན་བྱེད་ཆོག་ལ། ཁང་སྟེང་གི་ཨར་ཁང་དུ་སྦི་རག་གི་བྲོ་བ་ཡང་མྱོང་ཆོག་གི་ཡོད།