དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཡོ་རོབ་ཀྱིས་ཡར་ཐོན་གྱི་མིང་ཐོག་ནས་སྐད་ཆ་ཤོད་རེས་བྱས་པ།

    —— “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི”རྒྱལ་ སྤྱིའི་བགྲོ་གླེང་ཚོགས་འདུ་པུར་ཀ་རི་ཡར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-09-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སོ་ཧྥེ་ཡ་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་པུར་ཀ་རི་ཡའི་རྒྱལ་ས་སོ་ཧྥེ་ཡར“ཀྲུང་གོ་དང་ཡོ་རོབ་ཀྱིས་ཡར་ཐོན་གྱི་མིང་ཐོག་ནས་སྐད་ཆ་ཤོད་རེས་བྱེད

    —— ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི”རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། པུར་ཀ་རི་ཡ་དང་། ཀེ་རི་སེ། སར་པི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་20ཙམ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་སྲིད་གཞུང་གི་དཔོན་རིགས་120ལྷག་ཙམ་ཞུགས་ཡོད། པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཧྥུ་ཡིས་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ལ་ཏེ་ཧྥུ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་། པུར་ཀ་རི་ཡར་ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་ཞུགས་པའི་བགྲོ་གླེང་ཚོགས་འདུ་འདི་རིགས་འཚོགས་པ་དེ་ཐོག་ནས་པུར་ཀ་རི་ཡ་ལ་ཀྲུང་གོའི་ཁེ་ལས་ཀྱི་ཡིད་དབང་ཕྲོགས་ཤུགས་ལྡན་པ་མཚོན་ཡོད་ཅིང་། པུར་ཀ་རི་ཡས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་བྱུང་བའི་གོ་སྐབས་གང་ལེགས་སྤྱོད་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བརྗོད་ཡོད།

    པུར་ཀ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏུང་ཞའོ་ཅུན་གྱིས་ཚོགས་འདུའི་ཐོག “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཡིས་ཀྲུང་གོར་ཕན་བདེ་བསྐྲུན་པ་དང་འཛམ་གླིང་ལའང་ཕན་ཐོགས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གསོན་ཉམས་ལྡན་པའི་གསལ་འགྲེལ་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཀྲུང་གོ་དང་ཡོ་རོབ་དབུས་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་དང་ལྷན་དུ་ཀྲུང་གོ་དང་ཡོ་རོབ་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཐད་ཀྱི་ཕན་ཡོད་ཀྱི་ཁ་གསབ་ཏུ་གྱུར་ནས། ཀྲུང་གོ་དང་པུར་ཀ་རི་ཡའི་འཕེལ་རྒྱས་ལ་མཉམ་ལས་བྱེད་སྟངས་དང་སྤེལ་རེས་ལས་སྟེགས་སྔར་བས་མང་པོ་མཁོ་འདོན་བྱས་ཡོད་ཅེས་བརྗོད་ཡོད།

    ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གོ་ལ་ཧྲིལ་པོའི་བསམ་འདུན་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་གི་ཚན་རྩལ་དང་། རིག་གནས། སྨྱན་སྦྱོར་བཅས་ཀྱི་མཉམ་ལས་སོགས་ཀྱི་བརྗོད་གཞིའི་ཐད་དམིགས་ཏེ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། ཀྲུང་གོ་མི་དམངས་སློབ་ཆེན་ཁྲུང་དབྱང་དངུལ་རྩ་ཞིབ་འཇུག་ཁང་། སི་ལོ་ཝེ་ཉི་ཡའི་མ་ལི་པོར་མི་རིགས་དང་ས་ཁོངས་ཞིབ་འཇུག་ཁང་། སར་པི་ཡ་བཟོ་ཚོང་ལྷན་ཚོགས། ཐུར་ཁེའི་མར་མ་ལ་ཐེབས་རྩ་ཚོགས་པ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།