དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཚོང་གཉེར་ཁོར་ཡུག་གི་འགག་གནད་ནུས་ཤུགས་ཡོད་རྒུས་བཤངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-15

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་གྲོང་ཁྱེར་ཡོངས་ཀྱི་གསར་གཉིས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ལ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཚོང་གཉེར་ཁོར་ཡུག་གི་འགག་གནད་ནུས་ཤུགས་ཡོད་རྒུས་བཤངས་ཏེ་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་རེད།

    གྲོང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད་དེ“ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྱོང་ལ་དོ་དམ་བྱེད་དགོས་པའི”རྩ་དོན་ལྟར། ཀྲུང་གུང་ཆབ་མདོ་གྲོང་ཁྱེར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་ཚོང་དོན(མཐུན་ཚོགས)ལས་རིགས་ཨུ་ལྷན་དང་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ལས་རིགས་ཨུ་ལྷན་སོགས་ལས་རིགས་11གི་ཏང་ཨུད་བཙུགས་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཁྲོད་ཀྱི་རྒྱ་ཆེའི་གསར་གཉིས་རྩ་འཛུགས་དང་ལས་ཞུགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་ཀྱི་སྐད་ཆ་དང་། བློ་གྲོས། དམངས་འདོད་བཅས་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་བརྒྱུད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་སྐྱོར་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།

    དེ་དང་ཆབས་ཅིག་གསར་གཉིས་རྩ་འཛུགས་ཁག་གི་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དང་། སྲིད་འཛིན་ཞིབ་མཆན། སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ནང་དོན་ལ་དམིགས་ནས། ཚོང་གཉེར་ཁོར་ཡུག་གི་བརྗོད་དོན་གཙོ་བོའི་འགྲེམས་པང་གཤོམ་པ་དང་། དྲིལ་བསྒྲགས་བརྙན་ཐུང་སྟོན་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་ནས། “མི་ཚང་མ་ཚོང་གཉེར་ཁོར་ཡུག་ནང་ཞུགས་པ་དང་མི་ཚང་མས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཐུབ་པའི”རྣམ་པ་བཟང་པོ་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།