དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲིར་སྒེར་ཁྲལ་ཕྱིར་སློག་པའི་དངུལ་འཕྲལ་མར་འབྱོར་བ།

    བསྡོམས་སྒེར་ཁྲལ་སྒོར་ཁྲི་1001.42བསློགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-15

    འདི་ལོ་ཚུན་དུ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། བདེ་འཇགས་འགན་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྒེར་གྱི་ཐོབ་ཁྲལ་ཕྱིར་སློག་པའི་ཐབས་ལམ་ཤར་གཏོང་བྱས་ནས་ཁྲལ་འཇལ་བས་སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས་ཀྱི་ཁེ་སྤོགས་འཕྲལ་མར་ལོངས་སྤྱོད་ཐུབ་པར་བྱས་ཡོད། ཟླ་3ཚེས་1ཉིན་སྒེར་ཁྲལ་ཕྱིར་སློག་བྱེད་འགོ་བཙུགས་པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་རྒྱལ་མཛོད་ཀྱིས་རིམ་རྩིས་བྱས་ན་སྒེར་གྱི་ཐོབ་ཁྲལ་གྱི་གློག་རྡུལ་ཕྱིར་སློག་གི་ལས་སྒོ་ཐེངས་གྲངས་ཁྲི་1.44གཉེར་བར་དངུལ་འབོར་སྒོར་ཁྲི་1001.42ཟིན་ཡོད།

    ཕྱོགས་མང་མཉམ་འགུལ་བྱས་ནས་སྡེ་ཚན་བརྒལ་བའི་མཉམ་ཤུགས་ཆགས་པར་བྱས་ཤིང་། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁྲལ་དོན་དང་དངུལ་ཁང་སོགས་སྡེ་ཚན་དང་མཉམ་དུ་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲལ་དངུལ་ཕྱིར་སློག་གི་བསྡོམས་འབོར་སྔོན་དཔག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་བཀོད་གཏོང་བྱེད་པ། འགྲོ་ལུགས་གཉེར་མཁན་མང་ཤོས་ཀྱི་སྐབས་དུས་ཐོག་ཏུ་སྔོན་བརྡ་གཏོང་བ་བཅས་བྱས་ཡོད། ལོ་འཁོར་གོང་མར་དངུལ་ཁང་གཱ་ཡི་རྩིས་ཁྲའི་འབྲེལ་ཡོད་ཆ་འཕྲིན་ཆ་ཚང་པོ་མེད་པ་སོགས་དབང་གིས་དངུལ་བདེ་བླག་ངང་ལེན་མ་ཐུབ་པའི་གནད་དོན་ཐོན་མང་བར་དམིགས་ནས། དངུལ་ཁང་སྒྲིག་གཞིས་དངུལ་ཁང་གཱ་ཡི་འབྲེལ་ཡོད་ཆ་འཕྲིན་ཆ་ཚང་པོ་ཡོད་མེད་སོགས་ལ་སྔོན་ནས་ཞིབ་བཤེར་བྱས་པས་ཁྲལ་དངུལ་ཕྱིར་སློག་གི་ལས་ཕྱོད་ཆེ་རུ་ཕྱིན་ཡོད།

    བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་ལས་སྒོ་སྤུས་ཚད་མཐོན་པོས་ཐག་གཅོད་བྱས་ཤིང་། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྒེར་ཁྲལ་ཕྱིར་སློག་གི་བརྒྱུད་རིམ་སྔོན་ནས་ལེགས་སྒྲིག་དང་གཏན་འཁེལ་ཁ་གསལ་བྱས་ནས་ཚད་ལྡན་ཅན་གྱི་བརྒྱུད་རིམ་འཆར་འགོད་རི་མོ་བཟོས་པ་མ་ཟད། གློག་རྡུལ་ཅན་གྱི་བྱེད་སྟངས་སྤྱད་དེ། ཁྲལ་སློག་གི་བརྒྱུད་རིམ་སྟབས་བདེ་རུ་དང་དུས་ཚོད་ཐུང་དུ་བཏང་བ་དང་། “འབྱོར་མ་ཐག་ཞིབ་དཔྱད་དང་སྒྲུབ་གཉེར་བྱེད་པའི”ཞབས་ཞུའི་ཚད་གཞི་གསལ་པོར་བཏོན་པས། རྒྱུན་གཏན་གྱི་ཁྲལ་སློག་རིགས“ལམ་སེང་ཕྱིར་སློག”དང་རྒྱུན་གཏན་མིན་པའི་ཁྲལ་སློག་རིགས“ཞིབ་བཤེར་ཕྱིར་སློག”གི་ལས་དོན་སྒྲུབ་སྟངས་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད།

    གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་ལ་འགན་ལེན་བྱས་ཤིང་། “བོད་ཀྱི་རྒྱལ་མཛོད་ལས་སྒོའི་ཕྱོགས་བསྡུས་དོ་དམ་མ་ལག”གང་ལེགས་སྤྱད་དེ་དངུལ་འབོར་ཆེ་བའི་ཁྲལ་སློག་མ་དངུལ་ལ་ལྟ་སྐུལ་ཚོད་འཛིན་གཙོ་གནད་བྱས་ཡོད། བསྐྱར་དུ་ཁྲལ་སློག་བྱས་པར་དམིགས་ནས་ཁྲལ་སློག་གི་དངུལ་འབོར་དང་། ཁྲལ་སློག་རེ་ཞུ་བ། ཁྲལ་སློག་རིག་ཚན་སོགས་ཀྱི་ཆ་འཕྲིན་བསྡུར་བ་བརྒྱུད་དོགས་ཡོད་ཀྱི་ཁྲལ་སློག་ལས་སྒོ་དབྱེ་གསེས་བྱས་ནས། ཁྲལ་དོན་སྡེ་ཚན་ལ་ཁྲལ་སློག་བསྐྱར་མ་ཡིན་མིན་ཞིབ་དཔྱད་བྱས་ནས། ཞིབ་དཔྱད་ཀྱི་འགག་སྒོ་ནན་དུ་བཏང་བ་དང་ཉེན་ཁའི་དོགས་གནད་གནད་སྨིན་གྲལ་བཤེར་བྱས་ཡོད། ཁྲལ་དོན་སྡེ་ཚན་ལ་རྩིས་ཁྲ་ནོར་བ་དང་གོ་ཆོད་ཀྱི་རྩིས་ཁྲ་མིན་པ་སོགས་ལས་བྱུང་བའི་གཞུང་གི་རྩིས་ཁྲར་ཕྱིར་སློག་དང་ཕྱིར་འཐེན་གྱི་གསལ་ཐོའི་ཆ་འཕྲིན་རང་འགུལ་ངང་ལན་བྱས་ཏེ། རྒྱུན་གཏན་མིན་པའི་གནས་ཚུལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།