དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁུ་ཝེ་ཐེའི་འཕྲོད་བསྟེན་བློན་ཆེན་གྱིས་བརྗོད་དོན།

    ཁུ་ཀྲུང་རྒྱལ་ཁབ་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-15

    ཤིན་ཧྭ་གསར་འགྱུར་ཁང་ཁུ་ཝེ་ཐེ་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁུ་ཝེ་ཐེའི་འཕྲོད་བསྟེན་བློན་ཆེན་ཨའེ་ཧ་མའེ་ཏེ·ཨ་ཝ་ཏིས། ཁུ་ཝེ་ཐེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཁུ་ཝེ་ཐེའི་ནད་པར་ཆེད་ལས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ཡོད། སླད་རྒྱལ་ཁབ་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁུ་ཝེ་ཐེའི་རྒྱལ་ནང་གི་འཕྲོད་བསྟེན་མ་ལག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་མངགས་ནས་ལོ་ངོ་60འཁོར་བ་དང་ཁུ་ཝེ་ཐེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་མངགས་ནས་ལོ་47འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་ཉིན་དེར་ཁུ་ཝེ་ཐེའི་ཏ་མུའུ་པཱ་ལཱ་ཁི་ཞིང་ཆེན་དུ་གཉེར་ཞིང་། ཁུ་ཝེ་ཐེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི(ཅི་ལིན)སྨན་བཅོས་རུ་ཁག་ཁག་15པའི་རུ་མི་དང་། ཁུ་ཝེ་ཐེ་སྲིད་གཞུང་གི་དཔོན་རིགས། ཁུ་ཝེ་ཐེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་དེ་བཞིན་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་སོགས་མཛད་སྒོར་ཞུགས་ཡོད་པ་རེད།

    ཨའེ་ཧ་མའེ་ཏེ·ཨ་ཝ་ཏིས་མཛད་སྒོའི་ཐོག་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཁུ་ཝེ་ཐེར་བསྒྲུབས་པའི་ལས་དོན་ལ་བསྔགས་བརྗོད་བྱས་པ་རེད།

    ཅི་ལིན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འཐུས་མིས་མཛད་སྒོའི་ཐོག ཀྲུང་གོས་1976ལོར་ཁུ་ཝེ་ཐེར་སྨན་བཅོས་རུ་ཁག་ཁག་དང་པོ་བཏང་ནས་ལོ་47སོང་ཚུན། ཀྲུང་གོ་ཕྱོགས་ཀྱིས་རིམ་རྩིས་བྱས་ན་ཁུ་ཝེ་ཐེར་སྨན་བཅོས་རུ་མི་མི་ཐེངས་300ལྷག་ཙམ་བཏང་སྟེ་ས་གནས་དེ་གའི་དམངས་ཚོགས་མི་ཐེངས་ཁྲི་100ཙམ་ལ་ཞབས་འདེགས་ཞུས་ཡོད། ཁུ་ཝེ་ཐེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་མི་ཁག་མང་པོས་ཀྲུང་ཁུ་རྒྱལ་ཁབ་གཉིས་པོའི་མཛའ་སེམས་བརྒྱུད་སྤྲོད་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།