དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་བྱེ་རླུང་འགོག་བཅོས་ཚོགས་ཆེན་གྱིས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-15

    ཤིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དུས་ཡུན་ཉིན་གཉིས་ཀྱི་རྒྱལ་སྤྱིའི་བྱེ་རླུང་འགོག་བཅོས་ཚོགས་ཆེན་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་འཚོགས་ཤིང་། དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་འགོ་ཚུགས་མཛད་སྒོར་ཕེབས་ནས་གསུང་བཤད་ཀྱང་གནང་སྟེ། ཕྱོགས་ཁག་ལ་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་ཀྱང་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བརྙན་ལམ་ནས་གསུང་བཤད་གནང་སྐབས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འབོད་སྐུལ་གནང་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཉིན་དེའི་ཚོགས་ཆེན་ཐོག་བརྙན་ལམ་ནས་གསུང་བཤད་གནང་སྐབས། མིའི་རིགས་ཀྱི་བྱེད་སྒོ་ལས་ས་ཆ་ཉམས་ཞན་དང་གནམ་གཤིས་ལ་འགྱུར་ལྡོག་སོང་སྟེ། ཐན་པ་བསྟན་པ་དང་། བྱེ་ཐང་ཅན་དུ་གྱུར་པ། དྲོད་ཚད་ཇེ་ཆེར་སོང་ནས་བྱེ་རླུང་དེ་བས་མང་དུ་དང་ཆེ་རུ་ཕྱིན་ཡོད། དེས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་བདེ་འཇགས་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་འཛམ་གླིང་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

    རྒྱལ་ཁབ་དང་ས་ཁུལ་བཅུ་གྲངས་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་15ནས་ཕེབས་པའི་འཐུས་མི་སྐབས་འདིའི་རྒྱལ་སྤྱིའི་བྱེ་རླུང་འགོག་བཅོས་ཚོགས་ཆེན་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།