དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇོར་ཇི་ཡས་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐ་པིལ་སི་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། འཇོར་ཇི་ཡའི་ཙུང་ལི་ཅ་ལི་པ་ཧྲི་ཝེ་ལི་ཡིས་དེ་ཉིན་ནས་བཟུང་འཇོར་ཇི་ཡས་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    དེ་ཉིན་གྱི་སྲིད་གཞུང་ཚོགས་འདུའི་ཐོག་ཅ་ལི་པ་ཧྲི་ཝེ་ལིས། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དེ་ཡིན། ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ཟབ་གཏོང་དང་། ཀྲུང་གོའི་མ་དངུལ་འཇོག་མཁན་སྔར་བས་མང་བ་འགུགས་པ། ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བར་སྣེ་ལེན་ཞུ་བ་བཅས་ནི་འཇོར་ཇི་ཡ་སྲིད་གཞུང་གི་ལས་ཀའི་བྱེད་ཕྱོགས་ཡིན། འཇོར་ཇི་ཡ་སྲིད་གཞུང་གིས་ཉིན་འདི་ནས་བཟུང་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུའི་གཏན་འཁེལ་བྱས་པས། འབྲེལ་ཡོད་ཞིབ་སྲོལ་དག་གང་མགྱོགས་སྤྱི་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།