དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྗོངས་དམངས་སྲིད་ཐིང་གིས་སྤྱི་ཚོགས་རྩ་འཛུགས་ལ་ཐོ་འགོད་དོ་དམ་བྱེད་སྟངས་ཚད་ལྡན་དུ་བཏང་བ།

    ཟླ་8པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཁྱོན་སྤྱི་ཚོགས་རྩ་འཛུགས་831ཐོ་བཀོད་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-15

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་སྤྱི་ཚོགས་རྩ་འཛུགས་ཐོ་འགོད་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། སྡེ་ཚན་གྱི་འགན་འཁྲིར་གཞི་ཚུགས་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དོ་དམ་གྱི་གཙོ་གནད་ལྷུ་ཚིགས་དམ་པོར་བཟུང་སྟེ། ཐོ་འགོད་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོ་སྔར་བས་ཚད་ལྡན་དུ་བཏང་ཡོད། ཟླ་8པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཁྱོན་སྤྱི་ཚོགས་རྩ་འཛུགས་831ཐོ་བཀོད་ནས་བཙུགས་པའི་ནང་སྤྱི་ཚོགས་ཚོགས་པ་676དང་། དམངས་ཀྱིས་གཉེར་བའི་ཁེ་ལས་མིན་པའི་ཚན་པ་128 ཐེབས་རྩ་ལྷན་ཚོགས་27བཅས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་སྣང་ཆེན་གྱིས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། འབྱུང་རྩ་ནས་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ཀྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་ཡོང་བའི་འགན་ལེན་བྱས་ཤིང་། སྤྱི་ཚོགས་རྩ་འཛུགས་ལ་ཐོ་འགོད་དང་ཞིབ་བཤེར་མཆན་འགོད་བྱེད་པའི“འགག་སྒོ་བཞི”(ཆབ་སྲིད་ཞིབ་བཤེར་གྱི་འགག་སྒོ་དང་། སྲིད་ཇུས་ཀྱི་འགག་སྒོ ལས་རིགས་གཙོ་གཉེར་སྡེ་ཚན་གྱི་འགག་སྒོ མཚན་སྙན་གྱི་འགག་སྒོ)བཅས་ནན་གྱིས་བསྲུངས་ཏེ། སྤྱི་ཚོགས་རྩ་འཛུགས་ཁྲིམས་ལྟར་ཐོ་འགོད་བྱེད་སྟངས་ཚད་ལྡན་དུ་བཏང་བ་དང་། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱི་ལོ་བཤེར་ཐབས་ལམ་རྒྱ་ཆེར་བཏང་སྟེ། རང་སྐྱོང་ལྗོངས་རིམ་པའི་སྤྱི་ཚོགས་རྩ་འཛུགས་349ཡི་2022ལོའི་ལོ་འཁོར་གྱི་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མིག་སྔའི་བར་སྤྱི་ཚོགས་རྩ་འཛུགས་247ལ་ལོ་བཤེར་བྱས་ཡོད། སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་སུ་ཞུ་གཏུག་ཐེར་འདོན་བྱེད་པའི་ཆེད་སྒྲིག་ལེ་ཚན་དང་ཐད་སྦྲེལ་ཁ་པར་ཡོངས་བསྒྲགས་བྱས་པ་དང་། སྤྱི་བདེ་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་པ། ཆེད་ལས་ལག་རྩལ་དང་ཁྲིམས་སྒྱུར་སྟོབས་ཤུགས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་བྱེད་སྒོར་འཆར་ཅན་གྱི་ལྟ་སྐུལ་དོ་དམ་དང་གྲལ་བཤེར་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེ་རིགས་དང་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།