དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མ་ཡུམ་གཙང་པོ་བསྲུངས། གཙང་ཆུ་དྭངས་མར་གྱུར།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-15

    ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུ་དེ་སྔོན་སྒྲུབ་ཀྱི་གནས་བབ་ཐོག་བཞག་སྟེ། ཚ་རྔ་འགག་ཆུ་མཛོད་ཉེ་འཁོར་གྱི་ཆུ་ལོག་གཤོང་ལམ་བཅོས་སྐྱོང་དང་ཆུ་བོ་རྒྱུག་ཁུལ་ཆུང་གྲས་སོགས་ཀྱི་ས་ཆུ་ཤོར་བར་བཅོས་སྐྱོང་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། ལས་གྲྭའི་བྱེད་ཐབས་བརྒྱུད་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་7པར་ཀྲོའུ་ཡོངས་ཀྱི་རྨ་ཆུའི་གཞུང་རྒྱུན་གྱི་སྤྱིའི་ཆུ་སྤུས་ལེགས་ཤིང་། ཚ་རྔ་འགག་ཆུ་མཛོད་ཀྱི་ཆུ་འཛུལ་སྒོ་དང་ཐོན་སྒོ་གཉིས་ཁའི་བཅད་ཁའི་ཆུ་སྤུས་རིགས་Ⅰཡིན་པ་རེད། འདི་ནི་ཚ་རྔ་འགག་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་རང་གིས་ཇུས་འགོད་བྱས་པའི་གད་སྙིགས་བསྡུ་རུབ་གྲུ་གཟིངས་བཏང་ནས་གཙང་སྦྲ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།