དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གསུམ་པ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-15

    ཉིན་ཤས་གོང་། ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གསུམ་པ(གཤམ་དུ“མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ”ཞེས་པར་བསྡུ་རྒྱུ)ཧྥུའུ་ཅན་གྱི་ཞ་མོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།

    ད་རེས་ཀྱི་ཚོགས་འདུར་ཞུགས་མཁན་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས“མ་འཇོག་ངོ་འཕྲད་གྲོས་མོལ་འདུ་ཚོགས”ཀྱི་ལས་སྟེགས་ལ་གང་ལེགས་བརྟེན་ནས་བོད་ལྗོངས་ཀྱི་ས་གནས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་གཞི་ཁྱོན། འཕེལ་རྒྱས་ཀྱི་གནས་ཚུལ། ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་བཅས་འོས་སྦྱོར་བྱས་ནས། གཉིས་མོས་ཀྱི་མ་འཇོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ལ་ཕྱོགས་ནས་རང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ལས་སྣོན་དང་། སྨན་རྒྱུ་རྩ་ཆེན། རིག་གནས་གསར་གཏོད་སོགས་ཀྱི་ལེགས་ཆའི་ཐོན་ལས་དང་ཁྱད་ལྡན་ཐོན་ལས་དྲིལ་བསྒྲགས་ངོམ་སྟོན་དང་ཚོང་གཉེར་འོས་སྦྱོར་ཤུགས་ཆེན་བྱས་པས། ཐོན་རྫས་གྲགས་ཅན་གྱི་སྙན་གྲགས་ཆེ་རུ་དང་མ་འཇོག་ཚོང་དོན་གྱི་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ནས་ཕྱི་ཕྱོགས་སུ་ཕྱོགས་པའི་བོད་ལྗོངས་ཀྱི་དཔལ་འབྱོར་རིམ་སྤོར་འཕེལ་རྒྱས་ཡོང་བར་སྐུལ་མའང་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།