བློ་སྒྲིལ་སེམས་སྐྱེད་རྨང་གཞི་བརྟན་དུ་བཏང་། ངར་ཤུགས་ཆེར་སྐྱེད་སླར་ཡང་རྡོག་ཐོན་བྱེད།
—— རང་ལྗོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་གཏིང་ཟབ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།
2023ལོའི་ཟླ་4པའི་ཟླ་འགོ་ནས་ཟླ་8པའི་ཟླ་མཇུག་བར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་དོན་ཁང་དང་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པས་མཛུབ་ཁྲིད་ཞིབ་ཚགས་འོག ལྗོངས་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། བྱེད་ཐབས་གཙོ་བོ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པ་དང་། བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་པ། སྤྱི་འདོམས་འཆར་འགོད་དང་དངོས་ཕན་དོན་གཉེར། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་ལས་དོན་ཁག་དོན་འཁྱོལ་བྱས་པ་དང་། སློབ་སྦྱོང་ཁག་དང་པོའི་ནང་ཞུགས་མཁན་ཚན་པའི་ཏང་ཡོན་ཁྲི་3.9ལྷག་ཙམ་གྱིས་སློབ་སྦྱོང་ནང་ཧུར་ཐག་ཞུགས་པ་དང་སེམས་ནུས་ཡོད་རྒུ་བཏོན་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་ཏན་ཏིག་ཐོན་པར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད། ཕྱོགས་བསྡུས་ཚོད་སྐོར་བྱས་པ་བརྒྱུད་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་སྤྱིའི་གདེང་འཇོག་བྱས་འབྲས“ཡག་པོ”ཡིས་98.23%བཟུང་བ་དང“ཅུང་ཡག་པ”ཡིས་1.77%བཟུང་ཡོད།
སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པར་བྱས་ཏེ་བསམ་བློའི་རྨང་གཞི་དེ་བས་བརྟན་དུ་བཏང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ནང་ཞུགས་མཁན་རང་ལྗོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཚོས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཏུ་གཏོང་བ་དང་། ཁོང་དུ་ཆུད་པ། གཞན་སྒྱུར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། བསམ་བློའི་ཐོག་གཞི་རྩ་ནས་བཅོས་སྒྲིག་དག་ཐེར་དང་གཞི་བརྟན་བསམ་འཕེལ་གྱིས་དད་སེམས་ཀྱི་རྨང་གཞི་བརྟན་འཛུགས་དང་། བསམ་པའི་འཚོ་བཅུད་འདང་ངེས་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་བཟུང་བཅས་བྱས་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། སློབ་སྦྱོང་ཁག་དང་པོའི་ནང་ཞུགས་མཁན་ཚན་པས“དགོངས་པ་སློབ་སྦྱོང”བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“གྲོས་གཞི་ཨང་དང་པོའི”ལམ་ལུགས་ལག་ལེན་ནན་པོ་བསྟར་བ་དང་། སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ། སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། སྣེ་གཉིས་དམ་འཛིན་གྱིས་བར་མའི་སྣེ་ཁྲིད་བྱེད་པ་བཅས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱུན་ཆད་མེད་པར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་དུ་འགྱུར་བར་བྱས་ཡོད།
ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། “ང་ཚོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་། དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་། རྣམ་པ་གསར་གཏོད་ཀྱིས་སློབ་སྦྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་སྤེལ་རེས་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་དཔྱད་གཞི་ཞིབ་ཀློག་བྱེད་པར་སྐུལ་འདེད་དང་། སྦྱོང་དགོས་རིགས་ངེས་པར་དུ་སྦྱོང་ཐུབ་པར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་སྔར་བས་གཏིང་ཟབ་ལོན་པ་དང་དགོངས་པ་དེའི་ཚན་རིག་གི་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་སྔར་བས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཐུབ་པ་བྱས་པ་དང་བསམ་བློ་དེར་འདུས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྔར་བས་རང་རྟོགས་ངང་སྤྱོད་པའི་དམིགས་ཡུལ་དུ་སླེབས་ཐུབ་པ་བྱུང་ཡོད”
ཟླ་8པའི་ཟླ་མཇུག་བར་དཔེ་ཀློག་འཛིན་གྲྭ་ཐེངས་113གཉེར་བ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་ཐེངས་615བྱས་པ། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་43དང་སློབ་སྦྱོང་ལ་ཞུགས་མཁན་ཚན་པའི་འགོ་ཁྲིད་ལས་བྱེད་པ་597གྱིས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་ཡོད། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བོད་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དང་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་ཁང་སོགས“སློབ་ཁང་གཉིས་པར”བསྐྱོད་པས། ཏང་ཡོན་དང་ལས་བྱེད་པ་མི་ཐེངས་ཁྲི་7.8ལ་སློབ་གསོ་ཐེབས་ཡོད། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་སློབ་ཁྲིད་བྱེད་སྟངས་གསར་པའི་ཆེད་དོན་27གསར་སྤེལ་བྱས་པ་དང་། ཁྱད་ཆོས་ལྡན་པའི་འཛིན་གྲྭ་31བཙུགས་པ། སློབ་མ་མི་ཐེངས་1271ལ་གསོ་སྦྱོང་བྱས་པ་རེད།
སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པར་བྱས་ཏེ་འཇོན་ཐང་དང་ནུས་པ་སྔར་བས་ཆེན་པོ་ལྡན་པར་བྱས་པ།
སློབ་སྦྱོང་ལ་ཕན་འབྲས་ཐོན་མིན་གྱི་འགག་རྩ་ནི་འདུ་ཤེས་གསར་སྒྱུར་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་མིན་ལ་ཐུག་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ནང་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པའི་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་སེལ་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དུས་ཐོག་ཏུ་ཤེས་བྱའི་སྟོང་ཆ་སྐོང་བ་དང་། བྱང་ཚད་ཀྱི་ཞན་ཆ་གསབ་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཆེད་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་སྣེ་ཁྲིད་ནས་རང་འགན་ཐེག་པ་འཁུར་ལེན་ཐུབ་པར་བྱས་ཡོད།
ལྗོངས་ཏང་ཨུད་དང་དེ་བཞིན་སློབ་སྦྱོང་ཁག་དང་པོའི་ནང་ཞུགས་མཁན་ཚན་པའི་ཏང་རྩ་འཛུགས་ཀྱིས་ད་དུང་ཏང་ཞུགས་དམ་བཅའ་བསྐྱར་དྲན་དང་། “ལོ་རྒྱུས་བཞི”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ལ་སློབ་སྦྱོང་། ཆབ་སྲིད་དང་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན། སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་། ཏང་ཡོན་གྱིས་ཆོས་དད་མི་བྱེད་པའི་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་སོགས་ཀྱི་བྱ་ཐབས་ཐོག་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྔར་བས་རང་རྟོགས་ངང“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལམ་ལུགས་ལ་བརྩིས་ནས། དེ་བས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཡོད།
སློབ་སྦྱོང་ནང་ཞུགས་མཁན་ཏང་ཡོན་དང་ལས་བྱེད་པས“ངེས་པར་དུ‘སྲུང་སྐྱོང་གཉིས’ཐུབ་པར་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཐོག་ནས་མཚོན་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་མཚོན་པར་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་རིགས་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་དེ་ལྟར་སྒྲུབ་ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱ་རྒྱུ་ཡིན”ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད།
སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་བྱས་ཏེ་དངོས་སྒྲུབ་ཀྱི་སྟོན་ཕྱོགས་དེ་བས་མངོན་གསལ་དོད་པོ་ཡོང་བར་བྱས་པ།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་ལ་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དང་མིའི་བློ་ཁ་གཏད་ཕྱོགས་ལ་ལྟ་ཞིབ་བྱ་ཐབས་ཤིག་ཀྱང་ཡིན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཁྲོད་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་དང་། སློབ་སྦྱོང་དང་། ཞིབ་བཤེར། བཅོས་སྒྲིག་བཅས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་གྱི་བླང་བྱ་དང་བསྡུར་ནས་ཧེ་བག་བཙལ་འཚོལ་དང་། ཏང་གཤིས་ཀྱི་བླང་བྱ་དང་བསྡུར་ནས་འབྱུང་རྩ་ཞིབ་བཤེར། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་བསྡུར་ནས་བྱེད་ཐབས་གསལ་རྟོགས་བཅས་བྱས་ཏེ་འཚོལ་བཤེར་དང་དག་ཐེར་གྱི་ཕན་འབྲས་དངོས་ཐོན་པར་ཤུགས་སྣོན་བརྒྱབ་ཡོད།
ལྗོངས་ཏང་ཨུད་དང་དེ་བཞིན་སློབ་སྦྱོང་ཁག་དང་པོའི་ནང་ཞུགས་མཁན་ཚན་པའི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲིའི་ཐད་འཁོར་འབྲེལ་ཧྲིལ་པོ་མཐའ་འཁྱོངས་ཀྱིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་བ་དང་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ། ཏང་རྩ་འཛུགས་2དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་302ལ་འགན་འཁྲི་བདའ་འདེད་བཏང་བ་དང་། ནན་པོའི་དགོངས་གཞིར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལྟ་སྐུལ་ཞིབ་ཚགས་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་ནས“རུལ་སུངས་མི་བྱེད་པ་གསུམ”ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། གནད་དོན་གྱི་ཁུངས་སྣེ་3367ཐག་གཅོད་བྱས་པ་དང་གྱོད་གཞི་816ཐོ་འགོད་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་། “མི་བྱེད་པ་ལྔའི”ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཡིག་ཆ་བཀྲམ་པ་དང་ཚོགས་འདུའི་ཞིབ་བཤེར་མཆན་འགོད་ནན་པོ་བྱེད་པ། ཚོགས་ཡིག་གཉིས་བསྡུས་དམ་འཛིན་ཡག་པོ་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད།
དེ་དང་ཆབས་ཅིག་དག་ཐེར་བཅོས་སྒྲིག་བྱེད་རིང་ཐོན་སྲིད་པའི་ཕྱི་ཚུལ་རིང་ལུགས་དང་། ཐ་མལ་གསགས་བསྟོད། ཆེ་བསྟོད་ལོག་དམོད་བཅས་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུའི་དྲན་སྐུལ་དང་དུས་ཐོག་ཏུ་སྐོང་འདྲི་ཐག་གཅོད་བྱས་པ་དང་། སྲིད་དོན་གཙང་སྐྱོང་གི་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་ཉེན་ཟོན་སློབ་གསོའི་པར་གཞི་ལྟ་བ་སོགས་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།
ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི”དད་སེམས་བརྟན་སྲུང་བྱས་པ་དང་། བསམ་བློ་དང་འཚོ་བའི་སྤྱོད་ཚུལ་འཛུགས་སྐྱོང་གི་རྩ་བ་དམ་འཛིན་གྱིས་མཐའ་ཚད་ཀྱི་བསམ་བློ་བཙུགས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཞིབ་ཕྲའི་གནད་དང་བླང་བྱ་རྒྱུན་གཏན་གྱི་གཏམ་སྤྱོད་ཁྲོད་ནས་མཚོན་གང་ཐུབ་བྱས་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དཀའ་གནད་སེལ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལ་ཡག་པོ་སྐྱོད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཡོད།
སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་སྟེ་འགན་འཁྲི་འཁུར་ཕོད་པའི་ཐད་དེ་བས་རང་འགུལ་ལྡན་པར་བྱས་པ།
“ཚོགས་འདུ་དང་རེའུ་མིག་སྐོང་ཉུང་དུ་སོང་བ་དང་ཡིག་ཆ་དང་གྲངས་གཞི་གོང་ཞུ་བྱེད་ཉུང་དུ་ཕྱིན་པ”དང“དེ་སྔ་དོ་དམ་བྱེད་མཁན་མེད་པའི་བྱ་བ་ཁག་གཅིག་ད་ཆ་སྙན་སེང་ཞུས་རྗེས་ཐག་གཅོད་ཐུབ་པ”“ཆབ་སྲིད་ཀྱི་རྩ་བ་དེ་བས་དམ་པོར་འཛིན་པ་དང་། འགན་འཁྲི་དེ་བས་ཏན་ཏིག་འཁུར་བ། ཏང་གི་སྤྱོད་ཚུལ་བཟང་པོ་སྔར་བས་རྒྱུན་འཛིན་དང་དར་སྤེལ་ཐུབ་པ”སོགས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་ལས་བྱེད་པ་དང་མང་ཚོགས་ཀྱིས་འགྱུར་ལྡོག་གསར་པ་ཏན་ཏིག་ཚོར་ཐུབ་པ་བྱུང་ཡོད།
“དེ་སྔ་རྒན་གསོའི་དངུལ་ལེན་སྐབས་ལོ་ལྟར་གྱི་རྒན་གསོའི་འགན་བཅོལ་ཐོབ་ཐང་ཁས་ལེན་དུས་ཚོད་ཡོལ་མིན་ལ་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། ད་ཆ་ཁ་པར་དུ་འཕྲིན་ཐུང་བསྐུར་ནས་དྲན་སྐུལ་བྱེད་ཀྱི་འདུག་པས་སེམས་ཁྲལ་སེལ་སོང”ཞེས་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་བགྲེས་སོང་པད་མ་རྡོ་རྗེས་བཤད།
མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། ལྗོངས་མི་སྤྱི་ཐིང་གིས་གྲངས་འཛིན་བཀག་རྒྱ་མེད་པར་བཟོས་ནས་སྤྱི་བདེ་དང་། དམངས་སྲིད། སྨན་བཅོས་འགན་བཅོལ་སོགས་སྡེ་ཚན་དང་གྲངས་གཞི་སྤེལ་རེས་དང་མཉམ་སྤྱོད་བྱས་ཏེ། ཕྱིར་སྐྱོད་གྲངས་གཞི་དང་སྨན་ཁང་དུ་སྡོད་པའི་བསྡོམས་རྩིས་གྲངས་གཞི་སོགས་ཀྱི་ཆ་འཕྲིན་དེ་བདེན་དཔང་ར་སྤྲོད་གྲངས་གཞིའི་ཁུངས་སུ་མཉམ་སྤྱོད་བྱས་པས། གྲངས་གཞི་ཆེན་པོ“མངོན་མེད་བདེན་དཔང་ར་སྤྲོད”རིམ་བཞིན་ཐུབ་ནས་རྒན་རྒོན་ཚོར་གྲངས་གཞིའི་ཁེ་ཕན་མཉམ་སྤྱོད་ཐུབ་པ་བྱས་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ལྗོངས་མི་སྤྱི་ཐིང་དང་འདྲ་བར་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་ཚོར་ཐུབ་པ་བྱེད་པའི་དཔེ་མཚོན་བརྗོད་ཀྱིས་མི་ལངས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱི་སེམས་ནད་རིམ་བཞིན་བསལ་ཐུབ་པ་བྱུང་ཡོད།
ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས“བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ང་ཚོས་དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད། ‘དམངས་འཚོའི་འདུ་འགོད་ཆེན་པོ་བཅུ’ལག་བསྟར་ཤུགས་ཆེན་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་137བཏང་ནས་དམངས་འཚོའི་བྱ་བ་དངོས་21བསྒྲུབས་པ་དང་སློབ་སྦྱོང་ནང་ཞུགས་མཁན་ཚན་པས་དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་1332བཟོས་ནས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་1479བསྒྲུབས་པ་དང་། ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི‘རེ་བ་ཆུང་ངུ’སྒྲུབ་རོགས་བྱས་པ། ལས་ཐོག་ཏང་ཡོན་ལ‘འབྱོར་ཐོ་གཉིས་འགོད’ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་སྲིད་ཇུས་སྒྲོག་འགྲེལ་དང་། བཅའ་ཁྲིམས་རོགས་སྐྱོར། བདེ་ཐང་འོས་འགན་སྨན་བཅོས། རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་སོགས་དང་བླངས་ཞབས་ཞུ་རུ་ཁག་1000ལྷག་ཙམ་བཙུགས་ཏེ། མང་ཚོགས་ཀྱིས་རེ་བ་བཏོན་པ་དང་། རྩ་འཛུགས་ཀྱིས་མི་སྣ་བཀོད་སྒྲིག་བྱེད་པ། ཏང་ཡོན་གྱིས་དང་ལེན་བྱེད་པ་བཅས་ཀྱི་རྣམ་པ་སྤྱད་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཡོད”ཅེས་གསར་འགོད་པར་བཤད།
ལྗོངས་ཏང་ཨུད་དང་དེ་བཞིན་སློབ་སྦྱོང་ཁག་དང་པོའི་ནང་ཞུགས་མཁན་ཚན་པའི་ཏང་རྩ་འཛུགས་ཀྱིས་གནད་དོན་འཚོལ་བཤེར་དང་དག་ཐེར་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་ནུས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞིར་བརྩིས་ནས། སློབ་སྦྱོང་བྱེད་ཀྱིན་དུ་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་བྱེད་པ་དང་གནད་སྨིན་ཤུགས་འདོན་དང་གནད་འཁེལ་བཅོས་སྐྱོང་བྱས་ཏེ། སྤུས་ཚད་མཐོ་པོ་དང་ཚད་གཞི་མཐོ་པོས་དག་ཐེར་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་བཏང་ཡོད། ཟླ་8པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་གནད་དོན་762བཤེར་འདོན་བྱས་པ་དང་དག་ཐེར་བྱེད་ཐབས་2305བཟོས་པ། ཆེད་དོན་བཅོས་སྒྲིག་གནད་དོན་20གཏན་འཁེལ་བྱས་པ་དང་དག་ཐེར་བྱེད་ཐབས་91བཟོས་པ། དག་ཐེར་གནད་དོན་750དང་ཆེད་དོན་བཅོས་སྒྲིག་གནད་དོན་17ལེགས་སྒྲུབ་བྱས་པ་རེད།
སླད་ཕྱིན་གྱི་ལས་ཀའི་ནང་ལྗོངས་ཏང་ཨུད་དང་དེ་བཞིན་སློབ་སྦྱོང་ཁག་དང་པོའི་ནང་ཞུགས་མཁན་ཚན་པའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་མུ་མཐུད་ལག་བསྟར་ནན་ཏན་བྱས་ནས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལས་འགན་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པ། དངོས་སུ་དང་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུ་རེད།