དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་རིག་གནས་ཉིན་མོའི”བྱེད་སྒོ་འཁྱགས་གླིང་གི་རྒྱལ་སར་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-14

    གྲོང་ཁྱེར་རེ་ཁ་ཅ་ཝི་ཁ་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་འཁྲབ་སྟོན་དང་ཀྲུང་ཧྭའི་རིག་གནས་ཉམས་ལེན་གྱི“ཀྲུང་གོའི་རིག་གནས་ཉིན་མོའི”བྱེད་སྒོ་འཁྱགས་གླིང་གི་རྒྱལ་ས་རེ་ཁ་ཅ་ཝི་ཁ་རུ་ཡོད་པའི་འཁྱགས་གླིང་སློབ་ཆེན་གྱི་ཚོགས་འདུ་དང་རིག་གནས་ལྟེ་གནས་སུ་སྤེལ་བ་རེད།

    “ཀྲུང་གོའི་རིག་གནས་ཉིན་མོའི”བྱེད་སྒོ་དེ་འཁྱགས་གླིང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་ཤིང་། འཁྱགས་གླིང་ཕྱི་འབྲེལ་པུའུ་དང་། འཁྱགས་གླིང་གྲོས་དཔོན་གཞུང་དོན་ཁང་། འཁྱགས་གླིང་རྒྱ་ཡིག་མཐུན་ཚོགས། འཁྱགས་ཀྲུང་ཚོང་དོན་མཐུན་ཚོགས་སོགས་འཁྱགས་གླིང་གི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་། འཁྱགས་གླིང་དུ་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ། དེ་བཞིན་འཁྱགས་གླིང་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་མི་600ཙམ་ཞུགས་ཡོད་པ་རེད།

    ཀོང་ཀྲོའུ་གྲོང་ཁྱེར་ཕྱོགས་བསྡུས་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་རྩལ་རྩེད་དང་ཟློས་གར་སོགས་ལ་ས་གནས་ས་ཐོག་གི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད། ཉིན་དེའི་བྱེད་སྒོའི་ཁྲོད་འཁྱགས་གླིང་གི་དམངས་ཚོགས་ཀྱིས་ད་དུང་ཤོག་དྲས་དང་ཀྲུང་གོའི་བཀྲ་ཤིས་མཚོན་རྟགས་བཟོ་བ་སོགས་ཀྲུང་ཧྭའི་རིག་གནས་ཉམས་ལེན་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་རེད།

    འཁྱགས་གླིང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོ་རུའུ་ལུང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་རིག་གནས་ཀྱིས་རིག་གནས་སྣ་མང་མཉམ་འདུས་ལ་སྣང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གི་མདུན་ལམ་དང་ལས་དབང་དམ་པོར་འབྲེལ་བའི་དེང་གི་དུས་འདིར་རིག་གནས་མི་འདྲ་བའི་དབར་སྤེལ་རེས་དང་། དཔྱད་གཞིར་འཛིན་པ། ཕན་ཚུན་མཉམ་འདྲེས་བཅས་བྱས་ཚེ་འཛམ་གླིང་གི་ཤེས་དཔལ་དར་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད། ད་ཐེངས་ཀྱི“ཀྲུང་གོའི་རིག་གནས་ཉིན་མོའི”བྱེད་སྒོས་ཀྲུང་གོ་དང་འཁྱགས་གླིང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་སེམས་ཟབ་ཏུ་འགྲོ་བ་དང་རིག་གནས་ལ་བརྟེན་ནས་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།