དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉས་ཆབ་སྲིད་ཀྱི་ཐོག་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-14

    ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཕེ་ཁའེ་རུའུ་ཡིས། སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུ་རུ་ཆབ་སྲིད་ཐོག་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱས་ཚེ་གཞི་ནས་སི་རི་ཡའི་དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་དཀའ་གནད་ཆུང་དུ་གཏོང་ཐུབ་ཅེས་བརྗོད།

    ཕེ་ཁའེ་རུའུ་ཡིས་དེ་ཉིན་སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་མེ་ཁེ་ཏ་ཏེ་དང་མཇལ་འཛོམས་གནང་རྗེས་སྨྱན་སྦྱོར་ལ་ཆབ་སྲིད་ཀྱི་ཐོག་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱས་ཚེ་གཞི་ནས་སི་རི་ཡའི་མིག་སྔའི“དཔལ་འབྱོར་ཉམས་ཉེན་དང་མི་ཆོས་རིང་ལུགས་ཀྱི་གོད་ཆགས”ཆུང་དུ་འགྲོ་ཐུབ་ཅེས་བརྗོད་ཅིང་། ཁོང་གིས་སི་རི་ཡའི་དཔལ་འབྱོར་གྱི་དུས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་བརྗོད།

    ཕེ་ཁའེ་རུའུ་ཡིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2254པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད།

    2015ལོའི་ཟླ་12པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་2254པར་གྲོས་འཆམ་བྱུང་བ་དང་། གྲོས་ཆོད་དེས་སི་རི་ཡའི་བདག་དབང་དང་། རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག“སི་རི་ཡ་བར་དབང་བ་དང་སི་རི་ཡ་བས་གཙོ་ཁྲིད་བྱེད་པའི”རྩ་དོན་ལ་གཞིགས་ནས། སི་རི་ཡའི་ཕྱོགས་ཁག་གིས་བསྟུན་མཁས་རང་བཞིན་གྱི་ཆབ་སྲིད་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་ཕྱོགས་ཁག་ཚང་མས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།