དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི་ཞི་བདེའི་གྲུ་ཆེན་རྟགས་ཅན་གྱི་སྨན་གྲུ་ཐི་མོར་ཤར་མར་འཚམས་འདྲི་བྱེད་མཇུག་འགྲིལ་ནས་རང་རྒྱལ་དུ་ཕྱིར་ལོག་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-14

    ཟླ་9ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གོའི་མཚོ་དམག་གི་ཞི་བདེའི་གྲུ་ཆེན་རྟགས་ཅན་གྱི་སྨན་གྲུ་ཐི་མོར་ཤར་མའི་ཏི་ལི་གྲུ་ཁ་ནས་ཐོན་པ་དང་། འདི་ནི་ལས་འགན་སྒྲུབ་མཁན་དཔོན་དམག་ཚོས་ཕེབས་སྐྱེལ་ཞུ་མཁན་ཚོར་ཞལ་གྱེས་ཞུ་བཞིན་པ།

    ཚེས་10ཉིན་གྱི་སྔ་དྲོར“ཞི་མཐུན་ལས་འགན་2023”གྱི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་གྲུ་ཆེན་རྟགས་ཅན་གྱི་སྨན་གྲུས་ཐི་མོར་ཤར་མ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མཇུག་འགྲིལ་ནས་ཏི་ལི་གྲུ་ཁ་ནས་ཐོན་ཏེ་རང་རྒྱལ་དུ་ཕྱིར་ལོག་བྱེད་འགོ་ཚུགས་པ་རེད།

    ལོ་དྲུག་སོང་རྗེས་ཞི་བདེའི་གྲུ་ཆེན་སླར་ཡང་ཐི་མོར་ཤར་མར་འཚམས་འདྲིར་ཡོང་བར་ས་གནས་དེ་གའི་དམངས་ཚོགས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། དུས་ཡུན་ཉིན་བདུན་གྱི་སྨན་བཅོས་ཞབས་ཞུའི་ནང་སྨན་གྲུས་བསྡོམས་མི་ཐེངས་10947ལ་སྨན་བཅོས་དང་། མི་ཐེངས་6371ལ་རམ་འདེགས་བརྟག་དཔྱད། སྨན་ཁང་དུ་སྡོད་མཁན་ནད་པ13ལ་སྨན་བཅོས། ནད་པ་50ལ་གཤགས་བཅོས་བཅས་བྱས་ཏེ་ས་ཚིགས་རྐྱང་པར་སྨན་བཅོས་བྱེད་ཚད་དེ་སོ་ལོ་མོན་གླིང་ཚོམ་ས་ཚིགས་སུ་སྨན་བཅོས་བྱས་རྗེས་སླར་ཡང་མི་ཁྲི་ལས་བརྒལ་ནས་ད་ཐེངས་ཀྱི་ཞི་མཐུན་ལས་འགན་གྱི་ཉིན་གཅིག་ལ་སྨན་བཅོས་བྱེད་མང་ཤོས་དང་ས་ཚིགས་རྐྱང་པར་སྨན་བཅོས་བྱེད་མང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། སྨན་གྲུའི་ལས་སྟེགས་གཙོ་བོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གཅིག་སྡུད་ཐོག་སྨན་བཅོས་བྱེད་པ་དང་དུས་མཚུངས་ཞི་བདེའི་གྲུ་ཆེན་གྱིས་ད་དུང་སྔ་རྗེས་སུ་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ཡན་ལག་རུ་ཁག་6མངགས་ནས་ཐི་མོར་ཤར་མའི་རྒྱལ་སྲུང་པུའུ་དང་། རྒྱལ་དམངས་ཉེན་རྟོག་པའི་སྤྱི་ཁྱབ་པུའུ། མཚོ་དམག་གི་སི་ལིང་པུའུ། ལི་ཁུའེ་སའེ་གྲོང་ཁྱེར། ཨ་ཐའོ་ལུའོ་གླིང་ཕྲན་བཅས་སུ་སྨན་བཅོས་བྱས་པ་དང་འབྲེལ། ཐི་མོར་ཤར་མའི་རྒྱལ་བཙུགས་སྨན་ཁང་དུ་མཉམ་འབྲེལ་སྨན་བཅོས་དང་ACLSགསོ་སྦྱོང་ཡང་བྱས་པ་རེད།

    ཞི་བདེའི་གྲུ་ཆེན་རྟགས་ཅན་གྱི་སྨན་གྲུ་ཟླ་7ཚེས་3ཉིན་ཀྲོའུ་ཧྲན་ནས་ཐོན་ཏེ་ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཅི་ལི་པ་སི་དང་། ཐང་ཀ ཝ་ནུ་ཨ་ཐུ། སོ་ལོ་མོན་གླིང་ཚོམ་བཅས་དང་དེ་བཞིན་ཨེ་ཤེ་ཡའི་ཐི་མོར་ཤར་མར་བདེ་བླག་ངང་འཚམས་འདྲི་བྱས་པ་དང་འབྲེལ། རྒྱལ་ཁབ་ཁག་ལ་དུས་ཡུན་ཉིན་བདུན་གྱི་རིན་མེད་ཀྱི་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ་དང་། རིམ་རྩིས་བྱས་ན་རྒྱལ་ཁབ་ཁག་གི་མང་ཚོགས་མི་ཐེངས་41358ལ་ཞབས་འདེགས་ཞུས་པ་དང་། མི་ཐེངས་25307ལ་རམ་འདེགས་བརྟག་དཔྱད་བྱས་པ། ནད་པ་192ལ་གཤགས་བཅོས་བྱས་པ་རེད། དཔོན་དམག་ཡོངས་ཀྱིས་ཟོལ་མེད་ཀྱི་བརྩེ་སེམས་དང་། རྩེར་སོན་གྱི་ལག་རྩལ། གཟུགས་བརྙན་བཟང་པོ་བཅས་ཀྱི་ཐོག་ནས་མཛའ་སེམས་བརྒྱུད་སྤྲོད་དང་བརྩེ་བ་ཆེན་པོ་འཆང་མཁན་གྱི་ཕོ་ཉ་ཡག་པོ་ཞིག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་རྒྱ་མཚོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད། ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།

    ཐི་མོར་ཤར་མ་ནི་ད་ཐེངས་ཀྱི“ཞི་མཐུན་ལས་འགན་2023”གྱི་ལས་འགན་ས་ཚིགས་མཐའ་མ་དེ་རེད། ཏི་ལི་གྲུ་ཁ་ནས་ཐོན་རྗེས་ཞི་བདེའི་གྲུ་ཆེན་རྒྱལ་ནང་དུ་ལོག་པའི་ལམ་དུ་ཆས་ནས་ཟླ་9ཚེས་19ཉིན་ཀྲེ་ཅང་ཀྲོའུ་ཧྲན་གྲུ་ཁར་འབྱོར་རྒྱུའི་འཆར་གཞི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།