དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥེ་རི་ཁའི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ཚོགས་འདུ་ཨེ་ཙེ་ཨོ་ཕི་ཡར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-14

    ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པས་གཙོ་གཉེར་བྱས་པའི“ཀྲུང་གོ་དང་ཨ་ཧྥེ་རི་ཁ‘རྒྱུད་གཅིག་ལམ་གཅིག’མཉམ་ལས་བྱས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་ཨ་ཧྥེ་རི་ཁར་མ་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་ཚོགས་འདུ་ཉེ་ཆར་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་འཚོགས་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“རྒྱུད་གཅིག་ལམ་གཅིག”གི་མ་འཇོག་ཉམས་མྱོང་དང་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་ཧུའུ་ཁྲང་ཁྲུན་གྱིས་ཚོགས་འདུའི་ཐོག་གསུང་བཤད་གནང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤེལ་རེས་མཉམ་ལས་ལ་ཁ་ཕྱོགས་གསར་པ་བཏོད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དུས་རབས་གསར་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་དཔེ་མཚོན་བཏོད་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་52ལ་མ་རྩ་བཞག་ནས་ཨ་ཧྥེ་རི་ཁར་ལས་ཞུགས་ཀྱི་གོ་སྐབས་ཁྲི་བརྒྱ་ལྷག་ཙམ་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཨ་ཧྥེ་རི་ཁར་མ་འཇོག་པའི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་པ་དང་། མ་རྩ་འཇོག་མཁན་དེ་བས་སྣ་མང་དུ་གྱུར་པ། དམངས་གཉེར་ཁེ་ལས་ཀྱི་མ་རྩ་འཇོག་ཚད་70%ཟིན་ཡོད་ཅེས་བརྗོད་པ་རེད།

    ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མུའུ་ཁྲང་ཅཱ་ཡིས་ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་ཇུས་གཞི་ཞིག་རེད་ཅེས་བརྗོད་པ་དང་། ཁོང་གིས“ལོ་བཅུའི་རིང‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས། ང་ཚོས་ཀྲུང་གོ་དང་མུ་མཐུད་མཉམ་ལས་བྱ་རྒྱུ་ཡིན། འོད་སྟོང་གིས་ཁེངས་པ་དང་གཉིས་ཁེའི་འབྱུང་འགྱུར་གྱིས་ང་ཚོ་བསྒུགས་ནས་བསྡད་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།