ཀྲུང་གོའི་ཝུའུ་ཅུས་ཁྲང་ཞི་ཁེན་ནི་ཡར་འཁྲབ་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཁེན་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲེ་ཅང་གི་ཝུའུ་ཅུས་ཁྲང་ཞིའི་ཆེད་དོན་འཁྲབ་སྟོན་དེ་ཉེ་ཆར་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་འཁྲབས་པ་རེད།
ཀྲེ་ཅང་གི་ཝུའུ་ཅུས་ཁྲང་ཞིའི་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཁྲེན་མེ་ལན་འཁྲབ་གཞུང་གསར་པ་གསར་རྩོམ་ཚོགས་པས་འཁྲབ་གཞུང་ཆ་ཚང《རུས་དཀར་བདུད་མོ་ཐེངས་གསུམ་བཏུལ་བ》དང་། ལེ་ཚན་དུམ་བུ《གསུམ་མདོ་ཁ》སོགས་ཝུའུ་ཅུས་ཀྱི་འཁྲབ་གཞུང་འཁྲབ་པར་ལྟད་མོ་བས་དགའ་བསུ་ཡང་ཡང་ཞུས་པ་རེད།
ནེ་རོ་པི་སློབ་ཆེན་གྱི་སློབ་མ་ཧན་སི་ཉི་ཁེས་འཁྲབ་སྟོན་ལ་བལྟས་རྗེས་ཁོ་བོ་རྒྱ་ཡིག་སྦྱོང་བཞིན་ཡོད་པས་ཀྲུང་གོའི་ཁྲང་ཞིར་ཧ་ཅང་དགའ་པོ་ཡོད་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་བྱུང་།
ཝུའུ་ཅུས་ཁྲང་ཞིར“ཅིན་ཧྭ་ཁྲང་ཞིའང”ཟེར་ཞིང་། དེ་ནི་ཀྲེ་ཅང་ཞིང་ཆེན་གྱི་ས་གནས་ཀྱི་ཟློས་གར་གྱི་གྲས་ཤིག་རེད། 2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།