དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ཏུན་ཧོང་ཞིབ་འཇུག་ཁང་དང་ཧྥན་ཅིན་ཧྲི་སོགས་ལ་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་སྤྲད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-12

    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། མངོན་མིན་རིག་གནས་ཤུལ་བཞག་གིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གླེང་སྟེགས་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་གཉེར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས(UNESCO)ཀྱིས་གླེང་སྟེགས་ཐོག་ཏུན་ཧོང་ཞིབ་འཇུག་ཁང་དང་། ཁྲང་ཧྲུའུ་ཧུང་། ཏོན་ཝུན་ཅེ། ཧྥན་ཅིན་ཧྲི་བཅས་ལ་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་སྤྲད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས》ལ་གྲོས་འཆམ་བྱུང་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་བའི་སྐབས་འདིར། ཏུན་ཧོང་ཞིབ་འཇུག་ཁང་དང་ཧྥན་ཅིན་ཧྲི་སོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་སྟེ། མོའུ་ཀའོ་བྲག་ཕུག་སྲུང་སྐྱོབ་ལ་ཕུལ་བྱུང་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱ་རྒྱུར་ཆེད་མངགས་བྱ་དགའ་འདི་སྤྲད་པ་རེད།

    ད་ཆ་ཏུན་ཧོང་མོའུ་ཀའོ་བྲག་ཕུག་ཏུ་ལྡེབས་རིས་སྨི་ངོས་གྲུ་ཁྲི་4.5ཡོད་པ་དང་། ཚོན་མདངས་འཇིམ་བཟོས་2000ལྷག་ཙམ་ཡོད་པ་དེ་ནི་དར་གོས་ལམ་བུའི་སྣ་མང་རིག་གནས་ཀྱི་ཉིང་བཅུད་ཡིན་ཞིང་། 1987ལོར《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་བཅུག་ཡོད། ལོ་མང་རིང་ཏུན་ཧོང་ཞིབ་འཇུག་ཁང་དུ་ཁྲང་ཧྲུའུ་ཧུང་དང་། ཏོན་ཝུན་ཅེ། ཧྥན་ཅིན་ཧྲི་སོགས་ཀྱི་མི་སྣས་འཐུས་ཚབ་ཏུ་བྱས་པའི་མི་རབས་འགའ་ཡིས་མི་རབས་ནས་མི་རབས་བར་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་མོའུ་ཀའོ་བྲག་ཕུག་སྲུང་བའི་འགྱུར་མེད་དམ་བཅའ་བཞག་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་མོའུ་ཀའོ་བྲག་ཕུག་གི་མཛེས་པ་མཉམ་དུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

    “མོའུ་ཀའོ་བྲག་ཕུག་སྲུང་སྐྱོབ་ལ་ཐོབ་པའི་གྲུབ་འབྲས་དེ་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་ཁ་འབྲལ་ཐབས་མེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྒྲིག་གཞི་དང་ཆེད་ལས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཐུགས་ཁུར་དང་རོགས་རམ་གནང་བ་དང་ཁ་འབྲལ་ཐབས་མེད་ལ། མི་རབས་དུ་མས་ལོ་ངོ་བརྒྱད་ཅུའི་རིང་མུ་མཐུད་འབད་འཐབ་བྱས་པ་དང་དེ་བས་ཁ་འབྲལ་ཐབས་མེད། ང་ཚོས་མོའུ་ཀའོ་བྲག་ཕུག་སྲུང་སྐྱོབ་ཡག་པོ་བྱས་ནས་མོའུ་ཀའོ་བྲག་ཕུག་སྲུང་སྐྱོབ་དང་། ཞིབ་འཇུག དར་སྤེལ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་ཀྱི་ཡིན”ཞེས་ཧྥན་ཅིན་ཧྲི་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།